རྔ་བ་ཁུལ་གྱིས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གསོ་སྐྱོང་ཚད་གཞི་མཐོ་རུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    《སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་དང་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱི་ཞིང་ཆེན་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གསོ་སྐྱོང་ཚད་གཞི་མཐོ་རུ་གཏོང་བའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་། ཉིན་ཤས་སྔོན་རྔ་བ་ཁུལ་དམངས་སྲིད་ཅུའུ་དང་ནོར་སྲིད་ཅུའུ་ཡིས་མཉམ་དུ་རང་ཁུལ་གྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་ཚད་གཞི་མཐོ་རུ་གཏོང་བའི་ཡིག་ཆ་བཀྲམ།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ལེགས་སྒྲིག་བྱས་རྗེས་ཀྱི་ཚད་གཞི་ནི་སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གསོ་སྐྱོང་ཚད་གཞི་མི་རེར་ཟླ་རེར་སྒོར900ནས་མི་རེར་ཟླ་རེར་སྒོར1200བར་མཐོ་རུ་བཏང་བ་དང་། ཕན་བདེའི་སྒྲིག་གཞིས་གཅིག་སྡུད་གསོ་སྐྱོང་བྱེད་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གསོ་སྐྱོང་ཚད་གཞི་མི་རེར་ཟླ་རེར་སྒོར1400ནས་ཟླ་རེར་སྒོར1600བར་མཐོ་རུ་བཏང་བ་དང་། ཚད་གཞི་གསར་པ་དེ2022ལོའི་ཟླ1པོ་ནས་ལག་བསྟར་བྱེད་རྒྱུ་རེད། 

མིག་སྔར་ཁུལ་ཡོངས་སུ་དྭ་ཕྲུག253ཡོད་པའི་ནང་། སྒྲིག་གཞིས་གཅིག་སྡུད་གསོ་སྐྱོང་བྱེད་པའི་དྭ་ཕྲུག86དང་། སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་དྭ་ཕྲུག167ཡོད། ཟླ1པོ་ནས3པའི་བར་ཁུལ་ཡོངས་སུ་བསྡོམས་རྩིས་བྱས་ན། སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་དྭ་ཕྲུག་ལ་གཞི་རྩའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི54.54བཏང་བ་རེད། །