འཇོལ་རྫོང་གིས་དུས་ཚིགས་དང་པོའི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

དུས་ཚིགས་དང་པོར་འཇོལ་རྫོང་གི་དཔྱིད་རྨོད་འབྲུ་རིགས་ཐོན་སྐྱེད་འགན་ལེན་ནུས་ལྡན་དང་། ཐོན་ལས་རོགས་སྐྱོར་གོ་རིམ་ལྡན་པ། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཁག་བརྟན་པོའི་ངང་སྤེལ་ཡོད། 

དཔྱིད་རྨོད་དཔྱིད་གྲབས་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པ་ཡོང་བར་བྱས་ཡོད། དུས་ཚིགས་དང་པོར་དཔྱིད་འདེབས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་2.1ཟིན་པ་དང་སོན་བཟང་ཁྱབ་ཚད་85%ཟིན་པ། ས་བོན་ཏུན་52དང་། ཞིང་སྨན་ཏུན་20   རྫས་ལུད་ཏུན་594   འགྱིག་ཤོག་ཏུན་110བཅས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། 

གྲོང་གསེབ་ཀྱིགསང་སྤྱོད་གསར་བརྗེརསྐུལ་འདེད་ནུས་ལྡན་བཏང་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཡོད།  གསར་དུ་བསྐྲུན་པའི་འཕྲོད་བསྟེན་དུད་ཚང་གི་གསང་སྤྱོད་37ཞིབ་བཤེར་རྩིས་ལེན་བྱེད་བཞིན་པདང་གང་སྤྱོད31སྐྲུན་བཞིན་པའི་སྒང་ཡིན།   གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་བཏང་ཡོད།  2022ལོའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་འགན་མུའུ་10000དེ་ཇུས་འགོད་དུས་མཚམས་སུ་སླེབས་པ་དང་སྔོན་དཔག་བྱས་ན་ཟླ་6པར་དངོས་སུ་ལས་འགོ་འཛུགས་རྒྱུ་ཡིན་པ་རེད།  གྲོང་གསེབ་དར་རྒྱས་གཏོང་བའིཁྲི་བརྒྱ་སྟོང་ཁྲིའིདཔེ་སྟོན་འདུ་འགོད་གཏོད་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་རྡལ་1དང་། དཔེ་སྟོན་གྲོང་ཚོ་རྩེ་གྲ་12  མཛེས་སྡུག་ལྡན་པའི་གྲོང་ཚོ་31བཅས་གཙོ་གནད་ཐོག་བཏོད་ཅིང་།  མིག་སྔར་ཞིབ་འཇུག་བྱེད་རིན་ཡོད་པའི་སྙན་ཞུ་དང་དེ་བཞིན་ཐོག་མའི་འཆར་འགོད་ཡིག་ཆའི་ཞིབ་དཔྱད་ལས་དོན་ལེགས་སྒྲུབ་བྱས་ནས་འོས་སྐུལ་གོ་རིམ་ནང་འཇུག་ཉེར་ཡོད་པ་རེད། 2022ལོར་གཙོ་གནད་འབབ་རྒྱུད་ཀྱི་གྲོང་གསེབ་ངོས་ཁུངས་སྦགས་བཙོག་བཅོས་སྐྱོང་རྣམ་གྲངས་དུས་འགོའི་ཞིབ་བཤེར་མཆན་འགོད་དུས་མཚམས་སུ་བདེ་བླག་ངང་སླེབས་ཡོད།

རྫོང་ཡོངས་ཀྱི་གྲོང་ཚོསྡེ་ཁུལ)48ཀྱི་མཉམ་སྡེབ་དཔལ་འབྱོར་ཁྱོན་ཡོངས་ལ་ཁྱབ་ཡོད།  དུད་ཚང་10331ལ་ས་ཞིང་གི་བདག་དབང་གཏན་འཁེལ་གྱི་ལག་ཁྱེར་སྤྲད་པ་དང་།  ས་ཆ་མུའུ་9759.88ལ་བདག་དབང་གཏན་འཁེལ་བྱས་པ་རེད།

 སྡེ་ཚན་གྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནསརྫོང་གཅིག་ལ་ལས་རིགས་གཅིགགི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ལས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་བ་དང་། གྲོང་གསེབ་ཀྱི་ནུས་ཁུངས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་བཅོས་སྐྱོང་བྱས་ནས།  ཕྱུགས་བྱ་བཤས་གཏོང་ལས་རིགས་དང་ཕྱུགས་སྨན་བདེ་འཇགས་ལྟ་སྐུལ་དོ་དམ་དང་ཉ་ལས། ཞིང་འཕྲུལ་འཕྲུལ་ཆས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཐོན་སྐྱེད་གཉེར་སྐྱོང་། ཞིང་སྨན་འཕྲོ་ལུས་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་སོགས་ཐད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གཏིང་ཟབ་སྤེལ་ཡོད།   དེ་དང་ཆབས་ཅིགརྫོང་གཅིག་ལ་ལས་རིགས་གཅིགགི་དཔེ་སྟོན་རྫོང་གཏོད་པའི་ཞིབ་ཕྲའི་ལས་ཀའི་དམིགས་ཚད་བླང་བྱ་ཁག་6བཏོན་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། སྣེ་འདྲེན་ཁེ་ལས།  ཁས་ལེན་དཔང་འདོན་བྱས་པའི་ཐོན་རྫས་གསུམ་དང་དམིགས་ཚད་གཅིགསོགས་ཧུར་ཐག་བྱས་ཏེརྫོང་གཅིག་ལ་ལས་རིགས་གཅིགགི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།