ཀྲུང་གོའི་སྐམ་སའི་ཤིང་སྡོང་རིང་ཤོས་དེ་བོད་ལྗོངས་ནས་རྙེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-10   རྩོམ་ཁུངས།    中国藏语广播CNR

        གསར་འགོད་པར་བོད་ལྗོངས་མེ་ཏོག་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། པེ་ཅིང་སློབ་ཆེན་གྱིས་སྣེ་ཁྲིད་བྱས་པའི་ཚན་རིག་ཞིབ་འཇུག་ཚོགས་པ་དང་མཉམ་ལས་བྱས་པ་བརྒྱུད། མེ་ཏོག་རྫོང་ཁོངས་ཀྱི་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོ་རུ་རིང་ཚད་ལ་སྨི་76.8ཡོད་པའི་འབྲུག་ཡུལ་གསོམ་སྡོང་ཞིག་རྙེད་པ་དང་། དེ་སྔོན་ཡུན་ནན་ཀའོ་ལི་ཀོན་ཧྲན་གྱི་རིང་ཚད་ལ་སྨི་72ཡོད་པའི་ཐུའུ་ཧྲན་ཤིང་སྡོང་གི་རིང་ཚད་ཟིན་ཐོ་ལས་བརྒལ་ནས། མིག་སྔར་ཤེས་རྟོགས་བྱུང་བའི་ཀྲུང་གོའི་སྐམ་སའི་ས་ཁོངས་ཀྱི་ཆེས་མཐོ་བའམ་ཆེས་རིང་བའི་སྡོང་པོ་དང་། མིང་དོན་མཚུངས་པའི་ཤིང་སྡོང་རྒྱལ་པོ་རུ་གྱུར་འདུག