དགོང་ཟས་སྟབས་བདེ་བཟའ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-07   རྩོམ་ཁུངས།    གསོ་རིག་འཕྲིན་སྟེགས།


    དགོང་ཟས་ནི་ཞོགས་ཟས་དང་དགུང་ཟས་བཞིན་རྒྱས་པོ་མ་བྱུང་ནའང་འགྲིག འོན་ཀྱང་ཟ་ལུགས་ཟ་སྟངས་ལེགས་པོ་མ་བྱུང་ན་གཟུགས་པོར་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད། ང་ཚོ་བོད་རིགས་ལ་དགོང་ཟས་ཕྱི་པོ་ཟ་བའི་གོམས་གཤིས་ཡོད། འོན་ཀྱང་ཞིབ་འཇུག་བྱས་པར་གཞིགས་ན། ཟས་ཟོས་རྗེས་ཀྱི་ཆུ་ཚོད་ལྔའི་གཡས་གཡོན་ནི་མིའི་གཟུགས་པོས་ཀའི་ཕྱིར་འབུད་ཤུགས་ཆེ་བྱེད་པའི་དུས་ཡིན་ཞིང་། གལ་ཏེ་དགོང་ཟས་བཟའ་རྒྱུ་ཕྱི་དྲགས་ན་གཟུགས་པོས་ཀའེ་ཕྱིར་འབུད་བྱེད་པའི་དུས་ལ་ཏག་ཏག་མི་གཉིད་ཁུག་ཟིན་པར་བརྟེན་ཕྱིར་འབུད་བྱ་རྒྱུའི་སྙིགས་རོ་གཟུགས་པོའི་ནང་ལུས་ནས་དུས་ཚོད་གང་ཙམ་སོང་རྗེས་གཅིན་ལམ་རྡོ་སྐྲན་ཆགས་པའི་ཉེན་ཁ་ཡོད། གཞན་ཡང་ཚན་རིག་ཞིབ་འཇུག་བྱས་པར་གཞིགས་ན། དགོང་ཟས་ཤ་དང་། སྒོ་ང་།འོ་མ་སོགས་སྤྱི་དཀར་བཅུད་ཧ་ཅང་ཆེ་བའི་ཟས་རིགས་བཟས་ན་གཅིན་ལམ་རྡོ་སྐྲན་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད་པས་སྤྱིར་ན་དགོང་ཟས་ལ་སྔོ་ཚལ་གྱི་རིགས་དང་ཐན་ཆུའི་འདྲེས་སྦྱོར་དངོས་པོ་འདུས་ཚད་མཐོ་བའི་ཟས་རིགས་བཟས་ན་ཡག་པོ་ཡོད།
    སྤྱིར་ན་དགོང་མོ་འགུལ་སྐྱོད་བྱ་རྒྱུ་ཉུང་བས་དགོང་ཟས་ཉུང་ཙམ་བཟས་ན་འཚམ་པོ་ཡོད། དགོང་ཟས་བཟའ་རྒྱུ་མང་དྲགས་ན་གཟུགས་པོར་གཤམ་གསལ་གནོད་འཚེ་ཕོག་སླ།
    1.གཟུགས་པོའི་ནང་གི་མཁྲིས་རྒྱུ་གཤེར་རྩི་མཐོ་རུ་ཕྱིན་ནས་མཆིན་པས་འདུས་ཚད་དམའ་བའི་ཞག་ཚིལ་སྤྱི་དཀར་བཟོ་རྒྱུར་སྐུལ་འདེད་ཐེབས་ཏེ་འཕར་རྩ་མཁྲེགས་འགྱུར་གྱི་ནད་གཞི་སློང་ཉེན་ཡོད།
    2. གལ་ཏེ་རྒྱུན་དུ་དགོང་ཟས་བཟའ་རྒྱུ་མང་དྲགས་ན་གཅིན་སྙི་ཟ་ཁུའི་ནད་སློང་ཉེན་ཆེན་པོ་ཡོད།
    3. དགོང་ཟས་བཟའ་རྒྱུ་མང་དྲགས་ན་ཕོ་བ་སྦོས་སྐྲངས་བྱས་པ་ལས་ཀླད་པར་ཟུག་གཟེར་བཏང་བས་ཡུན་རིང་ཕྱིན་ན་གཟུགས་པོར་གནོད་འཚེ་བཟོ་ཡི་ཡོད། དེར་བརྟེན་ང་ཚོས་རྒྱུན་དུ་དགོང་ཟས་སྟབས་བདེ་ཉུང་ཙམ་བཟའ་དགོས།