ཡུས་ལུང་གངས་རིའི་ཕུག་ལམ་ཏལ་འབིགས་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ5པའི་ཚེས་5ཉིན།ཏན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཏེ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཡུས་ལུང་གངས་རིའི་ཕུག་ལམ་བདེ་འཇགས་ངང་ཏལ་འབིགས་བྱུང་བ། སྐབས་འདིར།ལམ་ཐིག་ཧྲིལ་བོའི་ཕུག་ལམ་20ནང་གི་ཕུག་ལམ་19ཏལ་འབིགས་བྱས་པ་རེད།ཡུས་ལུང་གངས་རིའི་ཕུག་ལམ་ནི་ས་དམ་གྲོང་ཁྱེར་ཡུས་ལུང་རྫོང་ལུང་ཕན་ཤང་གི་མངའ་ཁོངས་སུ་གནས་པ།ཁྱོན་རིང་ཚད་སྤྱི་ལེ་14.7ཟིན་པ།དེ་ནི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་རིང་ཤོས་རེད།

      ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་139ཡོད་པ་དང་།ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཇུས་འགོད་བྱས་ཤིང་།ལྷོ་ཕྱོགས་ས་དམ་གྲོང་ཁྱེར་ནས་བྱང་ཕྱོགས་སུ་འབྲི་ཆུ་བརྒལ་བ་དང་།ཡང་ཐང་བརྒལ་ནས་སེམས་ཀྱི་ཉི་ཟླར་མཐུད་པ།ལམ་ཐིག་ཧྲིལ་པོར་རླངས་འཁོར་འབབ་ཚུགས་13བཙུགས་པ་དང་།ཟམ་པ་34དང་ཕུག་ལམ་20གསར་སྐྲུན་བྱས་པ་དང་།ཟམ་ཕུག་གིས་བསྡུར་ཚད་73.4﹪ཟིན་ཡོད།    

    ལྕགས་ལམ་གྱིས་ས་དམ་གནའ་གྲོང་དང་།ལ་ཧྲི་ཧའེ།ཡུས་ལུང་གངས་རི།སྟག་མཆོང་གྲོང་རོང་།ཧ་པ་གངས་རི་སོགས་གྲགས་ཅན་ལྗོངས་ཁུལ་དང་སྦྲེལ་མཐུད་བྱས་པ་དང་།རང་རྒྱལ་གྱི་བོད་རིགས་དང་།དབྱིས་རིགས།པའེ་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ལྷག་གི་འདུས་སྡོད་བྱེད་ས་བརྒྱུད་དེ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་མི་དགོས་པ་དང་།ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་ཆུ་ཚོད་5ཡས་མས་ལས་མི་དགོས་པས།ཡུན་ནན་ནུབ་བྱང་ས་ཁུལ་གྱི་ལྕགས་ལམ་དྲ་བ་ཁ་གསབ་དང་།ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ཡོད་པ་རེད།