བོད་ལྗོངས་ཀྱི་རང་བྱུང་སྣང་ཚུལ་ངོ་མཚར་བ་འདི་མཐོང་མྱོང་ངམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


        ཉི་མ་རྫོང་གི་སྟག་རྩེ་མཚོར་མི་མང་པོ་ཞིག་འགྲོ་མྱོང་ཡོད་སྲིད། ཡིན་ནའང་དེའི་ལྷོ་ངོགས་སུ་ཡོད་པའི་“ས་ཆེན་གྱི་ལྗོན་པ”དེ་ཁྱེད་ཀྱིས་མཐོང་ཡོད་པའི་ངེས་པ་མེད། རང་བྱུང་ཁམས་ཆེན་མོའི་བཟོ་བཀོད་ཕུལ་དུ་བྱུང་བར་མྱོང་རོལ་བྱེད་པར། འདི་འདྲའི་སྒོ་འཛིན་མི་དགོས་ཤིང་མཛེས་སྡུག་ལྟ་བས་མི་ངོམས་པའི་མཛེས་ལྗོངས་ལ་ཡང་ནས་ཡང་དུ་འགྲོ་རིན་ཡོད།


图片

        “ས་ཆེན་གྱི་ལྗོན་པ་”ཡི་རྩ་བ་རབ་ཏུ་རྒྱས་ཤིང་། ཡལ་འདབ་ཧ་ཅང་སྟུག་པས། ཕྱི་རྣམ་དང་ནང་སྙིང་འཛོམས་པའི་ཤིང་སྡོང་དེ། སྟེས་དབང་གིས་འཁྲུངས་པ་ཡིན་ལ། མཐའ་མར་ཡལ་སྲིད་པའང་ལྡོག་ཏུ་མེད།

图片

        འདིར་རྩོམ་སྒྲིག་པར་བསམ་འཆར་ཞིག་ཡོད་པ་ནི། “ས་ཆེན་གྱི་ལྗོན་པ་”དེར་རྒྱང་ནས་གཟིགས་ན་ལེགས། གལ་ཏེ་ཁྱེད་རང་ཐག་ཉེ་སར་བཅར་ཚེ། ཁྱེད་ཀྱིས་སྐམ་ཟིན་པའི་ཆུ་ལམ་ཁོ་ན་ལས་མཐོང་མི་ཐུབ། དེ་བས་ཀྱང་ཁྱེད་རང་གི་རླངས་འཁོར་གཞུང་ལམ་ལས་བྲལ་མི་རུང་ཞིང་། རླངས་འཁོར་གྱི་འཁོར་ལོས་མཛེས་ལྗོངས་དེ་བརླག་ཏུ་འཇུག་མི་རུང་།

图片

        “ས་ཆེན་གྱི་ལྗོན་པ“ནི་སྟག་རྩེ་མཚོའི་ལྷོ་ངོགས་སུ་ཡོད་ཅིང་། ཉི་མ་རྫོང་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པ་དང་། རྒྱལ་ལམ་317(2442)ལམ་ཚད་རྡོ་རིང་གི་འགྲམ་དུ་ཡོད། ས་ཆེན་གྱི་ལྗོན་པ་དེའི་སྡོང་རྐང་ནི་རྒྱལ་ལམ་གྱི་ལྷོ་གཞོགས་སུ་ཡོད་པ་དང་། རྩ་བ་ནི་རྒྱལ་ལམ་གྱི་བྱང་གཞོགས་སུ་ཡོད།

图片

图片