བདེ་ཆེན་གྱི་སྐད་གཉིས་སློབ་གསོ་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནི་1994ལོའི་ཟླ་10པར་བཙུགས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གནས་ཡོད།མིག་སྔར་ཡུན་ནན་ཞིང་ཆེན་དུ་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་ཆ་ཚང་སློབ་འབྲིང་གཅིག་པུ་དེ་ཡིན།ཞིང་ཆེན་མི་རིགས་སྐད་ཡིག་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་པའི་སྐད་གཉིས་སློབ་ཁྲིད་ཀྱི་ཚོད་ལྟའི་རྟེན་གཞི་ཞིག་ཀྱང་ཡིན།ཏང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་ལག་བསྟར་བྱས་ཏེ་བདེ་ཆེན་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་རིག་གནས་དར་རྒྱས་ཡོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།

        སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།

        ཞའོ་ཀྲང་དབྱང་ཅན་ཧྭ་ཡིས་ལོ་རབས་90པར་སློབ་གྲྭ་བཙུགས་པའི་ཐོག་མའི་དུས་སུ་སློབ་གྲྭར་སློབ་མ་80ལྷག་ཙམ་ལས་མེད་པ།སློབ་ཁྲིད་ལ་མཁོ་བའི་ས་ཆའི་རྒྱ་ཁྱོན་མུའུ་30ཡང་ཟིན་གྱི་མེད་པ། དགེ་རྒན་དཔུང་ཁག་གི་ཤེས་ལྡན་མི་སྣ་དཀོན་པ་དང་སློབ་ཁྲིད་སྒྲིག་ཆས་མི་འདང་པ།ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་འབྲེལ་ཡོད་གོང་རིམ་གཙོ་གཉེར་སྡེ་ཚན་གྱི་བྱམས་བརྩེའི་ཐུགས་ཁུར་དང་འགོ་ཁྲིད་འོག  ད་ཆའི་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་དང་།ཡུན་ནན་ཞིང་ཆེན་གྱི་རིམ་པ་གཉིས་པའི་རིམ་པ་དང་པོའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆུ་ཚད་དུ་སླེབས་པ།ད་ཆའི་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་ས་ཁྱོན་མུའུ་284་བཟུང་བ་དང་དགེ་རྒན་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་གཏོང་ཐུབ་པ་རེད།2022ལོའི་ཟླ་4པའི་བར་དུ། སློབ་གྲྭར་ད་ཆ་དགེ་རྒན་དང་ལས་བཟོ་237ཡོད། དེའི་ནང་ཆེད་འགན་འཁུར་མཁན་དགེ་རྒན་210ཡོད།སློབ་གྲྭའི་སློབ་གཉེར་གཞི་ཁྱོན་འཛིན་གྲྭ་57ལ་སླེབས་ཡོད་པ་དང་།དེའི་ནང་དམའ་རིམ་སློབ་འབྲིང་གི་འཛིན་གྲྭ་30དང་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ་27ཡོད།སློབ་གྲྭར་ཡོད་པའི་སློབ་མ་ཁྱོན་བསྡོམས་2508ཡོད་པ་དེའི་ནང་དམའ་རིམ་སློབ་འབྲིང་གི་སློབ་མ་1345དང་མཐོ་རིམ་སློབ་འབྲིང་གི་སློབ་མ་ཁྱོན་བསྡོམས་1163ཡོད་ཅེས་བཤད་པ་རེད།

图片

སྐད་གཉིས་སློབ་ཁྲིད་ཀྱི་གྲུབ་འབྲས་མངོན་གསལ་བྱུང་བ།

        བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་རྒྱལ་ཁབ་ཀྱི་སློབ་ཚན་འདང་ངེས་འཚོགས་པའི་རྨང་གཞིའི་ཐོག་བོད་ཡིག་སློབ་ཚན་བཀོད་སྒྲིག་བྱས་པ།སློབ་གྲྭའི་བོད་ཡིག་དགེ་རྒན་ཚེ་རིང་དབྱངས་འཛོམས་ཀྱིས་སློབ་གྲྭས་བདེ་ཆེན་ས་ཁུལ་གྱི་སློབ་མའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དམའ་རིམ་སློབ་འབྲིང་དང་པོ་ནས་བཟུང་ཆེས་རྨང་གཞིའི་བོད་ཡིག་གསལ་བྱེད་དང་བོད་ཡིག་བརྡ་སྤྲོད་ནས་སློབ་ཁྲིད་བྱེད་འགོ་བཙུགས་ཏེ་སྔོན་ལ་སློབ་མའི་བོད་ཡིག་གི་རྨང་གཞི་བརྟན་དུ་བཏང་བ་དང་དེ་ནས་སློབ་མའི་བོད་ཡིག་ཤེས་བྱའི་ཆུ་ཚད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་མཐོ་རུ་བཏང་ཡོད་ཅེས་བཤད་བྱུང་།

图片

        ཤེས་རྟོགས་བྱུང་བར་གཞིགས་ན་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་མཐོ་རིམ་སློབ་འབྲིང་གི་སློབ་མ་སློབ་གྲྭ་ནས་ཐོན་རྗེས་གཙོ་བོ་ཀྲུང་དབྱང་མི་རིགས་སློབ་ཆེན་དང་།ལྷོ་ནུབ་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན།ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་སློབ་ཆེན།མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན།ཡུན་ནན་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭར་མུ་མཐུད་སློབ་སྦྱོང་བྱེད་པར་བསྐྱོད་ཡོད་པ་དང་།ལོ་ལྟར་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་མཁན་བརྒྱ་ལྷག་ཙམ་ཡོད་པ་རེད།

图片