དོན་ལྡན་པར་རིས་འདི་ཚོས་ང་ཚོར་སློབ་གསོ་ཡག་པོ་ཞིག་བརྒྱབ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-03   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    རེ་ཆད་མཁན་སྐྱོར་མི་ཐུབ། སྙིང་རུས་མཁན་ཕམ་མི་སྲིད། མི་ལ་ལ་བདེ་མོ་ཐང་པོ་ཡིན་རུང་། རང་དམའ་རང་འབེབས་ཁོ་ནས་དུས་གདའ་བར་བྱེད་ཀྱི་ཡོད། མི་ལ་ལ་དབང་པོ་སྐྱོན་ཅན་ཡིན་རུང་གཞན་ལས་སྙིང་རུས་ཆེ་བས་མི་ཚེའི་རིན་ཐང་དེ་བས་མངོན་གང་ཐུབ་བྱེད་ཀྱི་ཡོད། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཞེས་པའི་དཔེ་ལྟར་འཚོ་བའི་ཤུལ་ལམ་རིང་པོའི་ཁྲོད་ཁྱེད་ལ་འགོག་རྐྱེན་སྣ་ཚོགས་འཕྲད་སྲིད་མོད། འོན་ཀྱང་གཞན་ལས་རང་སྐྱོ་བའི་འདུ་ཤེས་ནམ་ཡང་འཛིན་མི་ཉན།

    ང་ཚོ་འཚར་དུས། ཕ་མ་རྒས་འགྲོ་བས། རྟག་ཏུ་ཕ་མར་སྲི་ཞུ་ཧུར་ཐག་སྒྲུབ་དགོས།  

    མི་ཡི་རི་མོ་ནང་ལ་ཡོད། སྟག་གི་རི་མོ་ཕྱི་ལ་ཡོད་ཞེས་པའི་དཔེ་བཞིན། ཆེས་དོགས་ཟོན་བྱེད་དགོས་པའི་དགྲ་ནི་ཁྱེད་ཀྱི་ངོས་ལ་འཐབ་མཁན་དེ་མིན་པར། གྲོགས་པོའི་མིང་ཐོག་ནས་ལྐོག་ཏུ་གནོད་སྐྱེལ་མཁན་གྱི་ཁ་ཞེ་མི་གཅིག་པའི་མི་དེ་རེད།

    རང་ལ་གྲུབ་འབྲས་མ་ཐོབ་པ་ནི་འབད་པ་མ་བྱས་པ་མིན་པར། གཙོ་བོ་རང་གི་ཐབས་ཤེས་དབེན་པས་རེད།

    གནས་ཚུལ་ཆེ་ཆུང་གང་ཞིག་འཕྲད་རུང་རང་ཉིད་ཀྱིས་འབད་བརྩོན་མ་བྱས་ཚེ་གཞན་སུ་ཞིག་གིས་རོགས་པ་བྱས་ཀྱང་ཕན་མི་ཐོཊ

    གཡོ་སྒྱུ་ཆེ་བའི་མི་འདི་གྲོགས་སུ་བསྟེན་མི་རུང་། གལ་ཏེ་གྲོགས་སུ་བསྟེན་པ་ན་ནམ་ཞིག་ཁྱེད་ཉིད་ཕུང་པར་ཐེ་ཚོམ་མེད།

    ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ་ཡིན་ཡང་། རང་དང་མི་འཚམ་པའི་ཚོགས་པར་ཁྱེད་ཉིད་ཚོགས་གཙོར་བཀོད་ཀྱང་གཞན་དང་བློ་སེམས་མི་མཐུན་ན་ཁོང་ཚོ་མཉམ་དུ་འགྲོགས་ཀྱང་གང་ལྟར་ཁེར་རྐྱང་དུ་ལུས་སྲིད། 

    འཇིག་རྟེན་འདིར་རྦད་དེ་འདྲ་མཉམ་འཚོལ་ཐབས་བྲལ། མི་ལ་ལས་ཉིན་མཚན་བལྟོས་མེད་ངང་ངལ་བ་ཁུར་དུ་བླངས་པ་དེ་མི་ལ་ལའི་མིག་ནང་ཆོ་མེད་ཞིག་ཏུ་སྣང་བར་འཆར། 

    རང་སྐྱོན་ཡོད་ཚད་དང་དུ་བླངས་ནས་དག་སེལ་བྱས་ཚེ་ཁྱེད་ཀྱི་མ་འོངས་པའི་འགྲོ་ལམ་དེ་བས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོང་ངེས་རེད། 

    མི་ཚེའི་བགྲོད་བཞུད་རིང་མོའི་ཁྲོད་རང་གི་ཆེས་ཐོག་མའི་ཕུགས་བསམ་དེ་མ་བརླགས་པར་གྱིས་ཤིག

མེ་ཚེའི་ཁ་ལོ་སྒྱུར་མཁན་ནི་རང་སོ་སོ་ཡིན་པས། གཞན་གྱི་ལྟ་ཚུལ་ལ་སྣང་བ་འཇོག་མི་ཉན།

མི་མང་པོས་བདམས་པའི་བགྲོད་ལམ་མཐའ་དག་བདེ་ཞིང་མྱུར་བ་ཞིག་ཡིན་པའི་ངེས་པ་མེད། 

    ཕ་མས་ཕྲུ་གུར་སྦྱིན་པ་ནི་རང་གི་ཡོད་ཚད་དང་ཡག་ཤོས་ཡིན་པས། དེར་འདོད་བློ་མི་ཁེངས་པ་གཏན་ནས་བྱ་མི་རུང་།  

    ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་ཀྱི་ཐིགས་པ་ཞེས་པ་ལྟར་བྱ་བ་གང་ཞིག་བསྒྲུབས་ཀྱང་ལག་ལེན་དུ་བསྟར་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེ། ལག་ལེན་དུ་བསྟར་བ་ཚང་མ་ཡག་པོ་ཡོང་བའི་ངེས་པ་མེད་ཀྱང་རྟག་ཏུ་སྟོང་གཏམ་ཁོ་ན་ཤོད་པ་ལས་ཡག