སིལ་ཏོག་མངར་མོའི་དྲི་ཞིམ་ལས་གྲོང་མིའི་གདོང་ལ་འཛུམ་མདངས་འཆར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ལྔ་གཅིག་གུང་གསེང་རིང་།འཇོལ་རྫོང་གི་གྲོག་རོང་ས་ཁུལ་གྱི་སེའུ་སྨིན་པའི་དུས་སུ་སླེབས་ཞིང་། གུང་གསེང་རིང་རང་ཁྱིམ་དུ་ཤིང་འབྲས་འཐུ་རུ་འགྲོ་རྒྱུ་ནི་ཆེས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཏུ་གྱུར་ཡོད་པ་རེད།

    པར་འདི་ནི་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཆ་ཚང་སློབ་ཆུང་གཉིས་པར་སློབ་གྲྭ་འདོན་བཞིན་པའི་སློབ་མ་བཀྲ་ཤིས་དང་ཁོང་གི་སྲིང་མོས་ད་ལོའི་གུང་གསེང་རིང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་ཚོར་སོང་ནས།རང་ཁྱིམ་གྱི་སྒོ་ར་ནང་དུ་སེའུ་འཐོག་ནས།ཁོ་ཚོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཤར།

ལྔ་གཅིག་གུང་གསེང་རིང་།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཅི་ཀྲི་གྲོང་མི་ཚོ་ཆུང་གི་འབྲི་ཏ་ས་འཛིན་རྟེན་གཞི་རུ།དམར་མདངས་བཀྲ་ཞིང་ཞིམ་མངར་ལྡན་པའི་འབྲི་ཏ་ས་འཛིན་ལ་འཛད་སྤྱོད་པའི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།