ངལ་རྩོལ་ནི་གཟི་བརྗིད་ཡིན།ང་ཚོས་ཁོང་ཚོ་ལ་བསྟོད་གླུ་འབུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་ཉིན་མོ་འདིར།ང་ཚོས་ལྷག་བསམ་ཟོལ་མེད་ངང་ངལ་རྩོལ་པར་བསྔགས་བརྗོད་དང་རང་གི་ཕུགས་བསམ་གྱི་ཆེད་དུ་འབད་འཐབ་བྱེད་མཁན་ལ་བསྟོད་པའི་བསྔགས་བརྗོད་ཕུལ་བ་དང་ཆབས་ཅིག ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་ཡིན།

    བདེ་ཆེན་གློག་མཁོ་འདོན་ཅུས་སེམས་ཀྱི་ཉི་ཟླ་ཡན་ལག་ཅུས་ཀྱི་ཚོང་གཉེར་པུའི་སྤྱི་གཉེར་ལི་ཧོ་དང་ལས་རོགས་ཚོས་རྒྱུན་ལྡན་གྱི་རྩིས་རྒྱག་མཐའ་སྣེའི་ཞིབ་བཤེར་ཚོད་ལྟ་བྱས་ནས་གྲོང་མིའི་གློག་སྤྱོད་བདེ་འཇགས་ལ་འགན་ལེན་བྱས་པ་རེད།

    བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཧོང་ཞའོ་ལི་དང་ཝུའུ་ཧྲན་ཧུའེ།ཧོ་ཞུའེ་ཡན་གསུམ་གྱིས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཧ་པོ་ཏ་མགྲོན་ཁང་དུ་བཅར་འདྲི་བྱེད་བཞིན་པ།

    བདེ་ཆེན་ཁུལ་མི་དམངས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གིས་གསུས་པའི་འཕར་རྩའི་སྐྲན་གཙོ་བོ་གས་ནས་མིས་བཟོས་ཁྲག་རྩ་བརྗེ་ལེན་བྱེད་ཐབས་སྤེལ་བཞིན་པ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དར་དམར་སློབ་ཆུང་གི་དགེ་རྒན་ཧན་ཀུའེ་ཏུང་གིས་སློབ་མར་སྐད་ཡིག་སློབ་ཚན་ཁྲིད་བཞིན་པ།

    བདེ་ཆེན་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གིས་འཇོལ་རྫོང་གླེགས་བམ་གྲོང་ཚོར་ས་བབ་མཐོ་བའི་སྦྱོང་བརྡར་བྱེད་བཞིན་པ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གསེར་ཟམ་རང་འདེམས་ཚོང་ཁང་གི་ཚོང་གཉེར་བ་ཁྲེན་ལི་ཧྲོང་གིས་ཚོང་ཟོག་བཤམས་བཞིན་པ།

     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེའི་གྲོང་མི་རྣམས་ཀྱིས་ལུག་མཉེ་འདེབས་བཞིན་པ།

    ཀྲུང་གོ་སྦྲག་སྲིད་མྱུར་སྐྱེལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱང་སྐྱོད་སྐྱེལ་འདྲེན་ས་ཚིགས་ཀྱི་མྱུར་སྐྱེལ་པ་ཧོ་ཡུན་ཧྥེ་ཡིས་མྱུར་སྐྱེལ་ལེགས་སྒྲིག་བྱེད་བཞིན་པ།

    བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གི་འགྲེལ་བཤད་པ་ཐང་ལི་ཅིང་གིས་གྲོགས་པོ་ཆུང་ཆུང་ཚོར་ཡུལ་དངོས་སུ་འགྲེལ་བཤད་རྒྱག་བཞིན་པ།

    མའེ་ཐན་ཕྱི་འཚོང་སྡེབ་སྐྱེལ་མཁན་སྐུ་ཞབས་ཧོང་གིས་ཕྱི་འཚོང་དངོས་ཟོག་བསྐྱལ་བཞིན་པ།