མི་དམངས་ཀྱི་སྲུང་དམག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཀྱི་དྲ་བ།

ཉིན་ཤས་གོང་

ཡུན་ནན་སེམས་ཀྱི་ཉི་ཟླའི་འགྲོ་ལམ་ཞིག་གློ་བུར་དུ་རྡིབ་པས་

ས་གནས་དེ་གའི་ཉེན་རྟོག་པ་མགྱོགས་མྱུར་སྒོས་བསྐྱོད་དེ་

ཆུ་ཚོད་བཅུ་གྲངས་ཀྱི་ཉེན་སེལ་རོགས་སྐྱོབ་བྱས་པ་བརྒྱུད་

ས་གནས་དེའི་ཉེན་རྟོག་པ་འདམ་བག་ཅན་དུ་གྱུར།

དྲ་གྲོགས་ཀྱིས་ཐད་ཀར་དུ་“ལུས་ལ་ས་རྡུལ་འབྱར་བ་བཙོག་ཀྱང་རྫིག་ཉམས་ཆེ་”ཞེས་འབོད།



འགྲོ་ལམ་རྡིབ་པ།

མི་དམངས་ཉེན་རྟོག་པ་ཆུ་ཚོད་བཅུ་ལྷག་ཙམ་རོགས་སྐྱོབ་ནང་

ཞུགས་ནས་ལུས་པོ་འདམ་དུ་གྱུར། 



ཉིན་ཤས་གོང་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་

གཏེར་མ་རུང་ཤང་གི་ཁོངས་གཏོགས་ཁུལ་གྱི་ཡུན་ནན་དང་སི་ཁྲོན་བགྲོད་ལམ་k46+100M

གློ་བུར་དུ་རྡིབ་སོང་།

གཞུང་ལམ་འགག་པས་རླངས་འཁོར་འགྲོ་མི་ཐུབ།

བགྲོད་ལམ་གཤོང་བ་དང་རླངས་འཁོར་ལ་ལམ་སྟོན་སློབ་ཁྲིད་བྱས། 

འགྲོ་ལམ་གྱི་དྲན་སྐུལ་བྱང་བུ་བཙུགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་གཏེར་མ་རུང་ཤར་གྱི་མངགས་གཏོང་ཁང་གིས་

མི་དམངས་ཉེན་རྟོག་པ་དང་རོགས་སྐྱོར་ཉེན་རྟོག་པ་དུས་ཚོད་དང་པོ་ཡུལ་དངོས་སུ་

རོགས་སྐྱོབ་ལ་ཞུགས།



སར་ལྷུང་བའི་རྡོས་

ལམ་དམ་པོར་བཀག་པ།

མི་དམངས་ཉེན་རྟོག་པས་འབྲད་འཁོར་ལ་བཀོད་འདོམས་བྱེད་བཞིན་

ཕུང་གསོག་ཐེབས་པའི་རྡོ་དེ་ཕར་སྤོས།

བར་སྐབས་ཤིག

བྱེ་རླུང་དྲག་པོ་ལངས་པ་དང་ས་རྡུལ་གནས་ལ་ཁྱབ་འདུག

ཐལ་རྡུལ་གྱིས་མིག་ཀྱང་ཕྱེ་མི་ཐུབ།

ཁ་རས་བརྒྱབ་ཀྱང་

ཁ་ནང་ཚང་མ་བྱེ་ས་རེད།



ལས་རེས་ཉེན་རྟོག་པས་ད་དུང་ས་གནས་དེར་ལུས་པའི་

ཁ་ལོ་བ་དང་འགྲུལ་བར་ཟ་མ་བསྐྱལ་ཡོང་།

མི་ཞིག་གིས་བརྙན་ཐུང་བླངས་ནས་བཀའ་དྲིན་ཞུས།


↓↓↓


ཆུ་ཚོད་བཅུ་གྲངས་ཀྱི་ཉེན་སེལ་རོགས་སྐྱོབ་བྱས་པ་བརྒྱུད།

འགྲོ་ལམ་རིམ་བཞིན་སླར་གསོ་བྱས་ཏེ་ཤར་གཏོང་ཐུབ་པ་བྱུང་།

འོན་ཀྱང་ས་གནས་དེའི་ལས་རེས་ཉེན་རྟོག་པ་སྔ་ས་ནས་ས་རྡུལ་གྱིས་གཡོགས་འདུག་པས་

ཕན་ཚུན་ཅུང་ཙམ་མིན་ན་ངོ་མི་ཤེས་པ་ལྟ་བུར་གྱུར།


དྲ་གྲོགས་ཀྱིས་

“ས་འོག་ནས་བྱུང་བ་ལྟ་བུའི་ཉེན་རྟོག་པ”འོན་ཀྱང་ངོ་མ་རྫིག་པོ་འདུག

དྲ་གྲོགས་ཚོས་ཞེས་གླེང་།