འཇོལ་རྫོང་ཀྲུང་ཐའེ་ཆུ་མཛོད་ལས་གྲྭར་འཕེལ་རིམ་གསར་པ་བྱུང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་4་པའི་ཚེས་26་ཉིན་འཇོལ་རྫོང་གངས་རིའི་འདབས་ཀྱི་ཀྲུང་ཐའེ་ཆུ་མཛོད་ལས་གྲྭས་ཁྲི54.2m³་ཟིན་པའི་འབྲུབ་ཆུ་སྒྲོལ་བའི་རགས་སྐྲུན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྣམ་གྲངས་དུས་བཀག་ལྟར་བསྐྲུན་ཟིན་པ་དང་འབྲུབ་ཆུ་རྒྱས་པའི་དུས་སུ་བདེ་འཇགས་ངང་འབྲུབ་ཆུ་སྒྲོལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

        འཇོལ་རྫོང་ཀྲུང་ཐའེ་ཆུ་མཛོད་ལས་གྲྭ་ནི་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་ཆུ་བེད་རྣམ་གྲངས་དང་ལོ་ལྔ་ཚན་བཅུ་བཞི་པའི་མཐུད་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ།  མཐོ་གྲང་དང་། ས་བབ་མཐོ་བ། སྔོན་གཤེགས་དཔའ་བོ། ས་དབྱིབས་དང་ས་བབ་རྙོག་འཛིང་ཆེ་བ་སོགས་རང་བྱུང་ཆ་རྐྱེན་ཞན་པའི་མདུན་དུ་རིམས་ནདjདང་། གངས་སྐྱོན། ཆུ་ལོག་རི་ཉིལ་བ། གློག་ཆད་མང་བ་སོགས་ཨར་ལས་ཀྱི་རྒྱུ་རྐྱེན་མི་ལེགས་པའི་མདུན་དུ་འཐབ་ས་དང་པོའི་ལས་བཟོ་ཚོས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ལས་འགོ་བཙུགས་ཚུན་རྣམ་གྲངས་ཀྱི་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བས་ཚང་མར་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།

        མིག་སྔར་འཇོལ་རྫོང་ཀྲུང་ཐའེ་ཆུ་མཛོད་ལས་གྲྭའི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་70%ལས་བརྒལ་བ་དང་སྔོན་དཔག་བྱས་ན་2022ལོའི་ཟླ་8པའི་ཟླ་མཇུག་ཏུ་རགས་ཆེན་སྐོང་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ནས་2023ལོའི་ཟླ་9པར་འགག་སྒོ་ནས་ཆུ་གསོག་བེད་སྤྱོད་ཐུབ་རེ་ཡོད་པས་རྫོང་་ཡོངས་ཀྱི་ཆུ་བེད་ཆུ་འགོའི་མཁོ་སྤྲོད་སྙོམས་སྒྲིག་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་དང་འགན་ལེན་བྱས་ཡོད་པ་རེད།