མཐའ་ཆུ་ཡུལ་དུ་ཡུངས་དཀར་མེ་ཏོག་བཞད་སོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་4པར་བདེ་ཆེན་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཞིང་ནང་དུ་མཛེས་སྡུག་ལྡན་པའི་ཡུངས་དཀར་མེ་ཏོག་བཞད་ཅིང་། དཔྱིད་རླུང་དལ་བུར་ལྡང་བ་དང་མེ་ཏོག་གི་དྲི་ཞིམ་འཐུལ་ནས་སྦྲང་མ་དང་ཕྱེ་མ་ལེབ་ཁྱུ་དང་ཁྱུ་བྱས་ཏེ་དཔྱིད་ཀྱི་རོལ་དབྱངས་དཀྲོལ་བ་དང་འདྲ།

        མཐོ་སར་འཛེགས་ནས་རྒྱང་ལ་ལྟ་དུས། ཡུངས་དཀར་མེ་ཏོག་རིམ་པ་རེ་རེ་བཞིན་གཡོ་ཞིང་། གསེར་གྱིས་ཁེངས་པ་དང་འདྲ། ཉེ་སར་བལྟས་ན། མེ་ཏོག་སེར་པོ་ཚོམ་བུ་རླུང་དང་འགྲོགས་ནས་གཡོ་ཞིང་། གསེར་མདོག་གི་སྒྲ་དུང་ཆུང་ཆུང་ཞིག་དང་འདྲ།

        མཐའ་ཆུ་གྲོང་རྡལ་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་གཙང་གསུམ་མཉམ་རྒྱུག་གི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་ལྟེ་བར་གནས་པ་དང་། གྲོང་ཚོ་ནི་རི་ཆུ་ཀླུང་གསུམ་ལ་བརྟེན་པ་དང་། གྲོང་ཚོའི་བར་དུ་ནགས་ཚལ་གྱིས་ཁེངས་ཤིང་། དྭངས་ཤིང་གཙང་ལ་ཆུ་བོ་ལྷུང་ལྷུང་འབབ་པ། 

        བླ་འཕེལ་ཆུ་བོ་རྒྱུག་མཚམས་མི་ཆད་པ་དང་ཆུ་འགྲམ་གྱི་ལྕང་སྡོང་ནགས་ཚལ་དུ་གྱུར་ནས་ས་མཐོའི་འབྲི་ཆུའི་ལྷོ་རྒྱུད་ཆུང་ཆུང་ཞེས་པའི་མཚན་སྙན་ཐོབ་ཡོད།