དུས་རབས་ཀྱི་མཛད་འཕྲིན་སྙན་པར་སྒྲོག་པའི་སྙན་སྦྱོར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དུས་རབས་ཀྱི་མཛད་འཕྲིན་སྙན་པར་སྒྲོག་པའི་སྙན་སྦྱོར་བ།

མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་དང་ཞུས་ཆེན་པ་དོན་གྲུབ་ཚེ་རིང་།


    མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་དང་ཞུས་ཆེན་པ་དོན་གྲུབ་ཚེ་རིང་ནི་ཐོག་མཐའ་བར་གསུམ་གང་དུའང་རང་གི་ཐོག་མའི་ཕུགས་འདུན་ཡིད་ལ་བརྟན་པོར་བཅངས་ནས་དགའ་ཞེན་གཉིས་ཀ་གྲོགས་སུ་བྱས་ནས་རྒྱང་སྒྲོག་གསར་འགྱུར་གྱི་ལམ་བུ་རིང་མོར་སྙེག་བཞིན་ཡོད་ལ།ཁོང་གི་སྨྱུག་རྩེ་ལས་དུས་རབས་ཀྱི་གླུ་སྐད་སྒྲོག་ཅིང་བརྙན་ལམ་ལས་དུས་རབས་འཕེལ་རྒྱས་ཀྱི་དན་རྟགས་མངོན་བཞིན་ཡོད།


    མི་ལོ་ལྔ་བཅུར་བརྒལ་ལ་ཡོད་པའི་སྤྱི་ཁྱབ་ལྟ་སྐུལ་བ་ཁོ་དང་ལབ་གླེང་བྱེད་པའི་ཁྲོད་དྲན་པའི་ཀློང་དང་སེམས་པའི་གཏིང་ལ་འཆར་འོང་བ་ནི་ཁོའི་འབད་འབུངས་ལྷོད་མེད་ཀྱི་བརྩོན་འགྲུས་དང་ཡ་རབས་གཞུང་དྲང་གི་གཤིས་རྒྱུད།ལྷད་མེད་ཀྱི་འཛུམ་མདངས་དེ་རེད།

    ཡུལ་དངོས་སུ་བརྙན་ཕབ་བཞིན་པ།

    དོན་གྲུབ་ཚེ་རིང་།ཕོ།བོད་རིགས༡༩༧༢ལོར་མཚོ་སྔོན་ཁྲི་ཀ་ཞིང་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས།ཁོ་ལ་མཚོ་བོད་མཐོ་སྒང་གི་མིའི་ལས་ལ་བརྩོན་ཞིང་དཔའ་སྤོབས་ལྡན་པ་དང་རྨ་ཆུ་འགྲམ་རྒྱུད་ཀྱི་མིར་ཡོད་པའི་བབ་ཆགས་ཀྱི་གཤིས་སྤྱོད་འཛོམས་ཤིང་།ད་དུང་ཚྭ་འདམ་མིར་ཆེད་དུ་ཡོད་པའི་དཀའ་སྡུག་གི་མདུན་དུ་ནམ་ཡང་མགོ་བོ་མི་སྒུར་བའི་སྙིང་རུས་ཀྱང་ལྡན།ཁོས་མི་རིགས་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱི་ལམ་ཁ་རུ་འབད་འབུངས་ལྷོད་མེད་ཀྱིས་ཡིད་སེམས་སྒུལ་བའི་གཏམ་རྒྱུད་རེ་རེ་སྨྱུག་རྩེར་བཀོད་མྱོང་ཞིང་།ངལ་དུབ་དང་དཀའ་སྤྱད་ཡོད་ཚད་དགའ་བར་སྒོམ་སྟེ།དཀའ་ཁག་དང་འགྲན་རྩོད་ཤིན་ཏུ་ཆེ་བའི་གསར་འགྱུར་ལས་རིགས་ཀྱི་བྱ་བ་རེ་རེ་འགྱོད་མེད་གདོང་གིས་བསུ་དང་བསུ་མུས་སུ་མཆིས།

ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་མཚོ་ནུབ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་འཚམས་འདྲི་གནང་བ།   

༡༩༨༧ལོར་ཁྲི་ཀ་རྫོང་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་ཁོས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་མཚོ་ལྷོ་ཁུལ་འབྲིང་རིམ་དགེ་ཐོན་སློབ་གྲྭར་འགྲིམས།༡༩༩༠ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་ཏུ་རྒྱུགས་འཕྲོད།༡༩༩༢ལོར་སློབ་གྲྭ་དེ་ག་ནས་མཐར་ཕྱིན།༢༠༠༤ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་དང་དེ་རུ་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ཐོས་བསམ་སློབ་གཉེར་གྱི་ལམ་ཁ་སྔར་བས་ཇེ་ཡངས་སུ་བཏང་།དེ་ནས་སློབ་མཐར་ཕྱིན་རྗེས་ཁོ་རང་འཇོན་ཐང་མི་སྣས་ཁེངས་བའི་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བྱ་བའི་ལས་རྐང་ལ་ཐོག་མར་ཞུགས།མ་གཞི་ནས་གསར་འགྱུར་རྒྱང་སྒྲོག་གི་ལས་ཀ་ལ་དགའ་མོས་བླ་ལྷག་ཡོད་རྐྱེན། ཁོ་བློ་སེམས་རྩེ་གཅིག་གིས་གསར་འགྱུར་བཅར་འདྲིའི་བྱ་བ་འདི་རབ་དང་རིམ་པ་བསྒྲུབས་ནས་ད་རག་བར་ཏག་ཏག་མི་ལོ་ཉེར་ལྔ་འགོར་ཟིན།བཞུད་ཟིན་པའི་ལོ་ཟླ་ལ་ཕྱིར་མིག་རེ་འཕངས་ན་ཐམས་ཅད་ཕྱིར་དྲན་དུ་ཟད་ཀྱང་།འདི་དག་ནི་ཁོའི་མི་ཚེའི་ལོ་རྒྱུས་རིང་མོའི་སྟེང་ནམ་ཡང་ཞུམ་མེད་ཀྱི་མར་མེ་ལྟ་བུ་ཡིན།གལ་ཏེ།ལོ་ཟླར་ཕྱིར་ལྡོག་ཡོད་ན།ཁོས་སྔར་བཞིན་ཐེ་ཚོམ་དང་འགྱོད་པ་སྤུ་ཙམ་མེད་པར་གསར་འགྱུར་ལས་རིགས་འདི་གདམས་ངེས། ལོ་ངོ་ཉེར་ལྔའི་རིང་ཤ་ཐང་རུས་ཐང་དང་གཉིད་ཆག་ཟས་བརྗེད་ངང་གསར་འགྱུར་ལས་རིགས་གཉེར་བ་ལ་བརྟེན་ནས་ཁོ་ལ་ལས་རིགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་འཛོམས་པ་དང་དེའི་ཁྲོད་དཀའ་སྡུག་གི་གཏམ་རྒྱུད་ཡང་གང་མང་མང་ཞིག་ཡོད།

    བཞུགས་མོལ་ཚོགས་འདུར་ཞུགས།

    བྱ་བའི་ལས་རྐང་དུ་ཞུགས་པ་ནས་བཟུང་།ཁོས་གསར་འགྱུར་ལོ་ཙཱ་དང་རྩོམ་སྒྲིག བཅར་འདྲི་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་གཉེར་བ་ཡིན་ཞིང་།གོ་སྐབས་ནི་ག་ས་གང་དུ་མངའ་བའི་གསར་འགྱུར་ལམ་བུའི་ཁྲོད་ཁོས་དྲང་བཞག་དྲང་བདེན་དང་།ཕུལ་དུ་བྱུང་བའི་སྨྱུག་རྩལ་གྱིས་དམངས་ཀྱི་བདེ་སྡུག་དང་འབྲེལ་བའི་གསར་འགྱུར་བགྲང་གིས་མི་ལངས་བ་ཞིག་སྤེལ་མྱོང་ཞིང་།ལོ་ངོ་ཉེར་ལྔའི་རིང་།ཁོས་སྤེལ་བའི་གསར་འགྱུར་༨༥ལ་རིམ་པ་སོ་སོའི་བྱ་དགའི་གཟེངས་རྟགས་ཐོབ་མྱོང་ལ།འདི་ཡིས་ཁོ་ལ་སྔར་ལས་ཀྱང་གསར་འགྱུར་ལས་རིགས་འདིར་བློ་དཀར་དགོས་ཤིང་འབད་འབུངས་ལྷོད་མེད་བྱེད་པར་སྐུལ་མ་གནང་ཡོད་པ་རེད།

མངའ་རིས་སུ་བཅར་འདྲི་བྱེད་བཞིན་པ།

    ལོ་རེའི་ཁུལ་རིམ་པའི་ཚོགས་ཆེན་གཉིས་ཀྱི་བྱ་བའི་སྙན་ཞུ་འབུལ་སྐབས།ཁོས་དངོས་སུ་གཞི་རིམ་གྱི་རྫོང་དང་གྲོང་རྡལ་གྱི་མི་རིགས་འཐུས་མི་དང་ཨུ་ཡོན་མང་པོར་བཅར་འདྲི་བྱས་ཏེ།རྒྱང་སྒྲོག་བརྙན་འཕྲིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་སྒྲ་གཟུགས་ཟུང་ལྡན་གྱི་ཡུལ་དངོས་གསར་འགྱུར་མང་པོ་ཞིག་སྤེལ་མྱོང་ཡོད།

       ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་༩༨ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད།མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྡེ་ཁག་གིས་གོང་རིམ་གྱི་བཀོད་སྒྲིག་ལྟར་༼ཏང་གི་དར་ཆ་ཚྭ་འདམ་གཞོང་དུ་ལྷམ་མེར་བསྐྱོད༽ཅེས་པའི་མུ་འབྲེལ་ཆེད་སྒྲིག་ལེ་ཚན་སྤེལ་བའི་འཆར་གཞི་བཟོས་ཤིང་། བློ་མཐུན་དོན་གྲུབ་ཚེ་རིང་གིས་དང་ལྷོད་གང་ཡང་མེད་པར་ལས་འགན་ཁུར་དུ་བཞེས་ཏེ།མཚོ་ནུབ་ཁུལ་གྱི་རྫོང་གསུམ་དང་གྲོང་ཁྱེར་གསུམ།བཟོ་གྲྭ།སློབ་གྲྭ།དམག་དཔུང་སྡེ་ཁག་སོགས་ལེ་དབར་ཁྲི་ཡིས་ཆོད་པའི་ས་ཁུལ་དག་ཏུ་བསྐྱོད་དེ།རང་འགུལ་གྱིས་ས་གནས་ཀྱི་དྲིལ་བསྒྲགས་ལས་ཁུངས་ལ་འབྲེལ་བ་བྱས་པ་བརྒྱུད།གཞི་རིམ་གྱི་ཕུལ་བྱུང་ཏང་ཡོན་དང་སྔོན་ཐོན་ཚོགས་པ་སོགས་ལ་བཅར་འདྲི་བྱས་ཏེ།རྒྱང་བསྒྲགས་ཀྱི་ཁྱད་ཆོས་མངོན་པར་ཐོན་པའི་སྒྲ་ལྡན་གསར་འགྱུར་༥༠ལྷག་སྤེལ་ཞིང་།ལེ་ཚན་བཏང་རྗེས་སྤྱི་ཚོགས་སྟེང་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།ཁོས་བྲིས་པའི་༼པུ་ཧ་གཙང་བའི་འགྲམ་གྱི་བྱ་ཁྱུ༽དང་ ༼ལྗང་མདོག་གི་འཚོལ་སྙེག༽སོགས་གསར་འགྱུར་རིང་གྲས་སྐོར་འགའི་ནང་ལས་གནས་མི་གཅིག་པའི་ཁྲོད་ཀྱི་དཔེ་ལེགས་མི་སྣ་དང་སྔོན་ཐོན་ལས་ཁུངས་བཅས་ལ་དོན་དངོས་དང་དྲང་བདེན་གྱིས་བསྔགས་བརྗོད་བྱས་ཡོད་པས་ལེ་ཚན་ལ་ཉན་ཚར་རྗེས་མི་གང་མང་གྱིས་བསྟོད་པའི་ངག་དང་བསམ་པའི་དངས་བ་འདྲེན་ཐུབ།

མངའ་རིས་སུ་བཅར་འདྲི་བྱེད་བཞིན་པ།

    ལོ་ངོ་འདི་དག་རིང་།ཁོས་ནམ་རྒྱུན་གསར་འགྱུར་ལོ་ཙཱ་དང་ཞུ་དག་ཁྲོད་འཕྲད་པའི་གནད་དོན་མི་ཉུང་བ་སྟེ།བརྡ་ཆད་གསར་བ་ལོ་ཙཱ་དང་ལོ་ཙཱའི་བྱེད་ཐབས་སོགས་ཟིན་བྲིས་སུ་བཏབ་པའི་དུས་མཚུངས་སུ།དེའི་སྐོར་གྱི་རྒྱུ་ཆ་འབོར་ཆེན་འཚོལ་བསྡུ་བྱས་ཏེ་ལས་གྲོགས་ཚོ་དང་མཉམ་དུ་དག་སྒྲིག་དང་སྒྱུར་བཅོས།ཞིབ་འཇུག་བཅས་བྱས་ཏེ།ལོ་རེ་རེར་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བའི་བརྡ་ཆད་གསར་བ་མང་པོ་སྔར་ལས་ཚད་ལྡན་ཅན་དུ་བཏང་སྟེ།རྒྱང་བསྒྲགས་ལས་རིགས་ཀྱི་གསར་འགྱུར་བརྡ་ཆད་དང་མཐུན་ཞིང་ཉན་མཁན་གྱི་ཁམས་དང་མོས་པར་འཚམ་པར་མཐུན་རྐྱེན་བླ་ལྷག་བསྐྲུན།

    མི་ལོ་མང་པོའི་གསར་འགྱུར་བཅར་འདྲིའི་ལག་ལེན་ཁྲོད་ཁོ་ལ་གཞན་དང་མི་མཚུངས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་འཛོམས་ཡོད་པར་མ་ཟད།ནམ་རྒྱུན་གྱི་བསམ་གཞིགས་དང་སེམས་ཚོར་མང་པོ་ཞིག་ཀྱང་རྒྱུན་པར་སྨྱུག་རྩེར་འགོད་ཀྱིན་ཡོད་དེ།ཉེ་བའི་ལོ་འགའི་རིང་།རྒྱང་བསྒྲགས་བརྙན་འཕྲིན་དང་གསར་འགྱུར་ལོ་ཙཱ་བྱ་བའི་ཁྲོད་ཀྱི་ལག་ལེན་བསྡུ་ལེན་དང་།དེ་དང་བསྟུན་ནས་རང་གི་ལས་རིགས་སྐོར་གྱི་བསམ་གཞིགས་མང་པོ་ཕྱོགས་བསྡོམས་བྱས་པ་བརྒྱུད།སྔ་གཞུག་ཏུ་ལོ་ཙཱའི་ཆེད་ལས་ཕྱོགས་ཀྱི་དཔྱད་རྩོམ་སྟེ།༼རིག་གནས་སེམས་ཁམས་ཀྱིས་རྒྱ་བོད་ལོ་ཙཱར་ཐེབས་པའི་ཤུགས་རྐྱེན༽་སོགས་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་ཞིང་།བརྩམས་ཆོས་༨༥ལ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ།ཨང་གསུམ་པ་བཅས་ཐོབ་མྱོང་།

      ཁོས་གཙོ་སྒྲིག་བྱས་པའི༼གསེར་ལྡན་དུས་ཀྱི་འབྲས་བུ༽དང་རྒྱ་བོད་ཤན་སྦྱར་གྱི་བརྩམས་ཆོས༼མྱ་ངམ་ཐང་གི་འགྲུལ་བཞུད༽གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་གནང་ཡོད། དཔྱད་རྩོམ༼མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན༽ཞེས་པ་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་སྟེང་སྤེལ་བ་དང་༼གཙང་གསུམ་འབྱུང་ཁུངས་ཀྱི་གནས་སྤོར་སྡོད་དམངས་སྐོར་གྱི་བསམ་གཞིགས༽ཞེས་པ་རྩེར་སྙེག་དུས་དེབ་སྟེང་བཀོད་པ་དང་།༼བོད་ཀྱི་ཞབས་བྲོའི་རིག་གནས་ཀྱི་འབྱུང་ཁུངས་ལ་དཔྱད་པ༽ཞེས་པ༼མང་ཚོགས་སྒྱུ་རྩལ༽སྟེང་བཀོད།ཁོས་སྤྱི་ཁྱབ་སྒྲིག་ཁྲིད་བྱས་པའི་རིག་རྩལ་ཆེད་སྒྲིག་ལེ་ཚན༼མཚར་སྡུག་གི་ཚྭ་འདམ་གཞོང་༽ཅེས་པ་ཀྲུང་གོ་སྒྲ་གཟུགས་ཁྲིན་ཏུའུ་ཀུང་ཟིས་འགྲེམས་སྤེལ་བྱས་ཤིང་།ད་དུང་ཁོས་དངོས་བཤུས་གློག་བརྙན༼འཆམ་མཐུན་གཞིས་ཁྱིམ༽ཞེས་པའི་རྒྱ་བོད་ཤན་སྦྱར་གྱི་རྩོམ་འབྲི་དང་སྤྱིའི་སྒྲིག་ཁྲིད་པ་དང་བརྙན་ལེན་བཅས་ཀྱི་འགན་འཁུར་མྱོང་ཞིང་།པེ་ཅིན་ཀྲུང་ཐིས་སྒྲ་གཟུགས་འགྲེམས་སྤེལ་ལྟེ་གནས་ཀྱིས་འགྲེམ་སྤེལ་གནང་བ་དང་།དངོས་བཤུས་གློག་བརྙན་འདིར་འཛམ་གླིང་རི་ཀླུང་དངོས་བཤུས་གློག་བརྙན་ཐུང་གྲས་ཀྱི་བྱ་དགའི་ཁྲོད་ཚུད་པར་མ་ཟད།མཚོ་སྔོན་ཞིང་ཆེན་གྱི་སྒྱུར་སྐྲུན་གློག་བརྙན་དང་དངོས་བཤུས་གློག་བརྙན་འགྲན་སྡུར་སྐབས་དང་པོའི་ཕུལ་བྱུང་བྱ་དགའ་ཐོབ།

བརྩམས་ཆོས་ཁ་ཤས་དང་གཟི་བརྗིད་དཔང་ཡིག

    ཁོས་འཆར་བཀོད་འཐེན་པའི་རྒྱ་བོད་ཤན་སྦྱར་གྱི་དངོས་བཤུས་གློག་བརྙན་༼འབྲོང་གི་ཕ་ས༽ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་དང་།ཁོས་ཕབ་སྐྲུན་དང་འཁྲབ་ཁྲིད་བྱས་པའི་༼བོད་པའི་བུ་མོའི་སྐྲ་སྟོན༽ཞེས་པར་ཀྲུང་གོ་གསེར་ཁྱུང་རྟགས་མའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།འཛམ་གླིང་རི་ཀློང་དངོས་བཤུས་གློག་བརྙན་གྱི་མི་ཆོས་ཕྱོགས་ཀྱི་གློག་བརྙན་ཐུང་གྲས་ཀྱི་བྱ་དགའི་ཁྲོད་ཚུད།༢༠༡༡ལོའི་ཟླ་དྲུག་པར།ཁོས་འཆར་བཀོད་འཐེན་པའི་བོད་རྒྱ་དབྱིན་གསུམ་ཅན་གྱི་གློག་བརྙན་ཟློས་གར་༼སྦྲ་ནག་གི་གཏམ་རྒྱུད༽ཅེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་སྟེ།འཛམ་གླིང་དངོས་བཤུས་གློག་བརྙན་གྱི་མི་ཆོས་ཕྱོགས་ཀྱི་གློག་བརྙན་རིང་གྲས་ཀྱི་བྱ་དགའ་ཐོབ་པ་དང་།༢༠༡༢ལོའི་ཟླ་༡༢པར་དངོས་བཤུས་གློག་བརྙན་འདིར་ཀྲུང་གོའི་དངོས་བཤུས་གློག་བརྙན་འགྲན་སྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ།ཁོས་ད་ལྟའི་བར་རིག་གཞུང་དཔྱད་རྩོམ་༢༤སྤེལ་ཞིང་།དངོས་སུ་ཁྱབ་བསྒྲགས་འགྲེམ་སྤེལ་བྱས་པའི་རྒྱང་བསྒྲགས་བརྙན་འཕྲིན་གྱི་བརྩམས་ཆོས་༣༨ཡོད།

    ཉེ་བའི་ལོ་འགའི་རིང་།ཁོས་གཙོ་ཁྲིད་ཕབ་སྐྲུན་བྱས་པའི༼མཐའ་མཇུག་གི་སྦྲ་ནག༽དང་༼འཆམ་མཐུན་གཞིས་ཁྱིམ—གངས་དཀར་ཕྱོགས་ལས་རྣམ་རྒྱལ༽ཡུལ་སྐོར་དང་ཆེད་སྒྲིག་བརྙན་འཕྲིན་ལེ་ཚན༼རྒུ་རུའི་ལྷན་འཛོམས་༽དགོང་ཚོགས༼བཀྲ་ཤིས་རྟེན་འབྲེལ༽སོགས་བརྩམས་ཆོས་སོ་ལྔ་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ་དང་གཉིས་པ།གསུམ་པ་བཅས་ཐོབ་མྱོང་།

        ༢༠༡༣ལོར་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་སྤྱོད་ཡོན་གཉིས་ལྡན་གྱི་རིག་རྩལ་ལས་དོན་པའི་མཚན་སྙན་ཐོབ་པ་དང་།༢༠༡༤ལོར་མཚོ་སྔོན་ཞིང་ཆེན་གྱི་ཆེད་ལས་ལག་རྩལ་འཇོན་མིའི་མཚན་སྙན་ཐོབ། ཡང་ལོ་དེར། སྤྱི་ཚོགས་ཀྱི་དྲང་ཕྱོགས་ནུས་པ་བརྒྱུད་སྒྲོག་མཁན་གྱི་ཤུགས་རྐྱེན་ཆེ་བའི་མི་སྣའི་མཚན་སྙན་ཐོབ། ༢༠༡༥ལོར་རྒྱལ་ཡོངས་སྐབས་དགུ་བའི་སྤྱོད་ཡོན་གཉིས་ལྡན་གྱི་བརྙན་འཕྲིན་སྒྱུ་རྩལ་ལས་དོན་པའི་འདེམ་སྒུག་མི་སྣར་ཚུད། ༢༠༡༦ལོར་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པའི་མཚན་སྙན་ཐོབ། ༢༠༡༧ལོར་མཚོ་ནུབ་ཁུལ་གྱི་གསར་གཏོད་འཇོན་མི་སྟོང་གསོ་སྐྱོང་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣའི་མཚན་སྙན་ཐོབ། ༢༠༡༩ལོར་རྒྱལ་ཡོངས་ཀྱི་གཞི་རིམ་ཕུལ་བྱུང་སྲིད་གྲོས་ཨུ་ཡོན་དུ་བདམས་ཐོན་བྱུང་། ༢༠༢༠ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་རེག་པའི་ཆེད་མཁས་པར་བདམས་ཐོན་བྱུང་།

འདེམས་ཤོག་འཕེན་པ། 

    གསར་འགྱུར་དྲིལ་བསྒྲགས་བྱ་བའི་ཐད་དུ་ཁོ་ལ་སྲ་བརྟན་གྱི་རྨང་གཞིའི་ཤེས་བྱ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ཡོད་ཅིང་།དེ་བས་ཀྱང་གསར་གཏོད་དང་གོམ་གང་མདུན་བསྐྱོད་ཀྱི་ཐུན་མིན་སྙིང་སྟོབས་ལྡན།༢༠༢༠ལོའི་ཐོལ་བྱུང་ཐུན་མོང་འཕྲོད་བསྟེན་དོན་རྐྱེན་ཁྲོད།མཚོ་ནུབ་ཀྱི་རིག་གནས་པའི་སྡེ་ཁག་གི་ཕུལ་བྱུང་འཇོན་མིས་རང་དཔེ་གཞན་སྟོན་དང་རང་རྟོགས་རང་འགུལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་ཐབས་ཀྱི་ཤེས་བྱ་ཁྱབ་བསྒྲགས་བརྒྱུད་སྤེལ་གནང་སྟེ།མི་དམངས་ཀྱི་རིམས་ནད་སྔོན་འགོག་དང་རིམས་ནད་ལས་རྒྱལ་བའི་ཐད་དུ་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་བཏོན་པ་དང་།ཞིང་ཆེན་དང་ཁུལ་རིམ་པའི་རིག་གནས་སྡེ་ཁག་གི་སྣེ་ཁྲིད་མི་སྣ་དོན་གྲུབ་ཚེ་རིང་གིས་ཀྱང་༼ཝུའུ་ཧན་ཤུགས་རྒྱོབས།—མཚོ་ནུབ་དང་ཝུའུ་ཧན་གཉིས་མཉམ་དུ་ཡོད༽ཅེས་པའི་བརྙན་ཐུང་དང་རིམས་ནད་སྔོན་འགོག་གི་གླུ་དབྱངས༼བརྩེ་བ་མི་ཡུལ་དུ་གནས༽ཞེས་པ་དང་༼ཧོ་ཞེན་ཏང་ཀྲུ་པུའུ༽༼རིམས་ནད་སྔོན་འགོག་ནི་མི་རེ་རེའི་འགན་འཁྲི་ཡིན༽སོགས་ཀྱི་གསར་རྩོམ་གནང་སྟེ་རིམས་ནད་སྔོན་འགོག་གི་ཐད་དུ་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན།ད་དུང་ཁོས་འཆར་འགོད་འཐེན་པའི་རིམས་ནད་སྔོན་འགོག་གི་ཤེས་བྱའི་སྒྲ་གཟུགས་ལེ་ཚན་བཅུ་དང་རིམས་ནད་སྔོན་འགོག་གི་ཁྲིམས་ལུགས་རྒྱུན་ཤེས་ཀྱི་འགུལ་རྣམ་བརྙན་ཐུང་བཞི་བརྙན་འཕྲིན་དང་དྲ་ལམ་བརྒྱུད་ནས་སྤེལ་ཡོད།

    ནང་སེམས་ལས་བྱུང་བའི་སེམས་འགུལ་དང་པུར་རྩེ་ལས་ཐོན་པའི་ཚིག་འབྲུ་རེ་རེ་ཡིས་གོས་དཀར་ཅན་གྱི་འཐབ་མོ་བར་བསྟོད་བསྔགས་བྱེད་པའི་གླུ་དབྱངས༼བརྩེ་བ་མི་ཡུལ་དུ་གནས༽ཞེས་པས།  རིམས་ནད་སྔོན་འགོག་གི་འཐབ་ར་དང་པོ་ན་མི་འདོད་ནད་དང་འཐབ་འཛིང་བྱེད་པའི་སྨན་བཅོས་ལས་བྱེད་པར་ཁ་མིན་སེམས་ཀྱི་བརྩེ་སེམས་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡོད། གླུ་དབྱངས༼ཧོ་ཞེན་ཏང་ཀྲུ་པུའུ༽ཞེས་པས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་གི་འབོད་སྐུལ་དང་དུ་བླངས་ཏེ།རིམས་ནད་སྔོན་འགོག་གི་ལས་རྐང་དང་པོ་རུ་གདོང་མཆོང་བ་བྱས་ཏེ་རིམས་ནད་སྔོན་འགོག་དང་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་མཁན་གྱི་ཏང་ཡོན་དང་ལས་བྱེད་མི་སྣ་དག་ལ་བསྔགས་བརྗོད་བྱས་ཡོད།

རྒྱལ་ཡོངས་ཀྱི་གཞི་རིམ་ཕུལ་བྱུང་སྲིད་གྲོས་ཨུ་ཡོན་གྱི་མཚན་སྙན་ཐོབ།     

    གཞི་རིམ་གྱི་གསར་འགྱུར་བྱ་བ་གཉེར་མཁན་ཞིག་ཡིན་པའི་ཆ་ནས།ཁོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅིངས་ཏེ།ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་གི་དྲིལ་བསྒྲགས་བྱ་བར་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱས་ཏེ།ཏན་ཏིག་གིས་རིམས་ནད་སྔོན་འགོག་གི་དྲིལ་བསྒྲགས་བྱ་བ་ལེགས་པོར་བསྒྲུབས།

  བློ་མཐུན་དོན་གྲུབ་ཚེ་རིང་གིས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲིག་རྩོམ་གནང་བའི་དམངས་ཁྲོད་ཀྱི་མི་རིགས་རིག་གནས་སྔོག་འདོན་དང་རྒྱང་སྒྲོག་བརྙན་འཕྲིན་ཕྱོགས་ཀྱི་བརྩམས་ཆོས་དག་གིས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས་མཚོ་ནུབ་དང་མཚོ་ནུབ་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པར་རྒྱུ་ཆ་མཁོ་འདོན་གྱི་ནུས་པ་ཐོན་ཡོད་པར་མ་ཟད།མཚོ་སྔོན་གྱི་བོད་རིགས་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྟེང་གོ་གནས་ངེས་ཅན་ཟིན་པར་བྱས་རྗེས་མི་དམན་པ་བཞག་ཡོད།ཁོས་རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཁོངས་སུ་གཡུར་དུ་ཟ་བའི་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་དང་ལས་རིགས་དེ་ལ་བཅིངས་བའི་འགྱུར་བ་མེད་པའི་བརྩེ་བ་དང་ཆོད་སེམས། དཀའ་སྡུག་གང་ལ་འཕྲད་ཀྱང་ཁྱད་དུ་སེལ་བའི་བློ་སྤོབས།མདོར་ན་ཁོ་ནི་གསར་འགྱུར་ལས་རིགས་ལ་ནུས་ཤུགས་ཡོད་ཚད་འབུལ་ཐུབ་པའི་མི་ཞིག་དང་གཙོ་འཛིན་ཞི་ཅིན་ཕིན་ལགས་ཀྱིས་གསུངས་བའི་བཟོ་བའི་སྙིང་སྟོབས་དེ་དོན་གྲུབ་ཚེ་རིང་གི་སྟེང་ངང་ངམ་ཤུགས་ཀྱིས་མངོན་ཡོད།དེར་བརྟེན་ལས་རིགས་འདིའི་ཁྲོད་ཀྱི་སྣེ་ཁྲིད་འཇོན་མིའི་མཚན་སྙན་ནི་ཁོ་ལ་ཐོབ་འོས། བྱས་པ་ཅན་ལ་རྟགས་ཀྱིས་བསྟོད་ཅེས་པ་ནང་བཞིན་ཁོ་ལ་འདི་འདྲའི་དཔང་རྟགས་བྱིན་ན་རྗེས་ཕྱོགས་དེ་ལས་མང་བ་དང་ཁོ་འདྲའི་གསར་འགྱུར་ལས་རིགས་ལ་དགའ་ཞེན་དང་བརྩོན་པའི་མི་དག་ལ་སྐུལ་མ་དང་མིག་དཔེའི་ནུས་པ་ཀྱང་ཐོན་སྲིད།

ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་མཚོ་ནུབ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་འཚམས་འདྲི་གནང་བ།      

        ལོ་ངོ་ཉེར་ལྔའི་གསར་འགྱུར་ལས་རིགས་ཀྱི་ལག་ལེན་ཁྲོད་ཁོས་ཐོབ་ཤོར་གཉིས་ཀྱི་བར་མཚམས་ནས།དཔེ་དེབ་ལས་རྙེད་དཀའ་བའི་ཤེས་བྱ་མང་པོ་ཞིག་རེག་ཡོད་ལ།གསེར་ལས་དཀོན་པའི་ལས་རིགས་ཀྱི་ཉམས་མྱོང་མང་པོ་ཡང་དེ་བཞིན་དུ་རྙེད་ཡོད་པ་རེད།ལོ་ཟླའི་འགྲོས་དང་བསྟུན་ནས།ད་ལྟ་ཁོ་ནི་འགན་འཁྲིའི་འདུ་ཤེས་བརྟན་ཞིང་དཀའ་ཁག་ལ་གདོང་གཏོད་ཕོད་པའི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱི་རྐང་འཛིན་པ་ཞིག་ཏུ་ཆགས་ཡོད།ནམ་རྒྱུན་དུ་ཁོས་ལས་གྲོགས་ཚོ་དང་མཉམ་དུ་ཉམས་མྱོང་བསླབ་སྟོན་དང་བསམ་བློ་བརྗེ་རེས་བྱེད་པ་དང་། སྔ་གཞུག་ཏུ་ལས་རྐང་ལ་གསར་དུ་ཞུགས་པའི་ལས་དང་པོ་བ་དང་སློབ་ཆེན་དངོས་སྦྱོང་བ་བཅུ་ལྷག་གསོ་སྐྱོང་བྱས་ཏེ།ཁོ་ཚོའི་བྱ་བ་དང་འཚོ་བ་སོགས་གང་ཐད་ནས་རོགས་རམ་དང་མཛུབ་སྟོན་བྱས་ནས་བློ་མཐུན་རྒན་པ་ཞིག་ལ་ཡོད་འོས་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།

     ལོ་ངོ་མང་པོའི་བཅར་འདྲིའི་ལག་ལེན་ཁྲོད།སྔོན་ཐོན་གྱི་ལས་དོན་རེ་རེས་མངོན་པའི་ལས་བཀུར་དང་བློས་གཏོང་། ཧུར་བསྐྱེད། བཟོད་བསྲན་སོགས་ཀྱི་སྙིང་སྟོབས་ཀྱིས་ཁོའི་མི་ཚེ་དང་ལས་རིགས་ལ་བཅངས་བའི་བསམ་བློར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། སྔོན་གྱི་དཀའ་ཁག་དག་ཁྱད་དུ་བསད་དེ་སྤོབས་པས་མདུན་དུ་བསྐྱོད་པ་དང་གསར་འགྱུར་གྱི་ལམ་ཁ་རིང་བོ་བགྲོད་པར་ཁོ་རང་ལ་ཡིད་ཆེས་བརྟན་པོ་ཡོད།

མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་བཅར་འདྲི་དང་ལེན་བྱེད་བཞིན་པ། 



图片


25年播撒梦想的新闻人

——记海西名师名医名家名匠工作室领衔人东主才让

“当我看到医务工作者逆行疫区、济世救人,看到普通民众尽自己所能、同舟共济,这激发了我激昂热情的和创作养分”东主才让说,“我要用一个个新闻作品记录下中国人民面对磨难时的顽强与大爱”。

在全国上下勠力同心抗击疫情的特殊时期,东主才让秉持为人民抒写、为人民抒情、为人民抒怀的创作理念,作为首批海西名师名医名家工作室——东索影视文化工作室领衔人,他以应有的使命与担当谱写着众志成城的雄浑和声。

东主才让, 1972年生于青海省海南州贵德县,他既有黄河人的豪爽干练,又有青藏高原人的勤劳朴实,更有着柴达木人的拼搏精神。1987年,他以全县优异成绩考入海南民师, 1990年考入西北民族大学藏语言文学系藏汉双语文秘专业,毕业后,他步入了人才荟萃的海西州广播电视台这座神圣的殿堂。由于对这份工作的喜爱,他在新闻采访第一线已走过了25年,回想走过的路,让他感受颇多。25年的新闻从业经验也积累了很多令人回味的故事……

“危急时刻,又见遍地英雄。”

面对突如其来、来势汹汹的疫情,东主才让看到各条战线的抗疫勇士临危不惧、视死如归,困难面前豁得出、关键时刻冲得上。海西州600余名医护人员主动请战,100余人组成援鄂医疗救护预备队随时待命赴武汉开展医疗援助,1349个团组织第一时间向党组织报到,各行各业的青年人才主动请缨,立刻投身抗“疫”一线,乡村104名党员组建成立战役先锋队和志愿服务队,组成6个工作组深入全州一线开展隐患排查,东主才让以文字为枪,用镜头做炮,以应有的使命与担当谱写着众志成城的雄浑和声……从一线的医护工作者到城乡社区的守护者,每个人都成为抗疫战士。千千万万个抗疫英雄,以舍生忘死的坚毅行动,书写下可歌可泣、荡气回肠的壮丽篇章。

疫情来得突然,所以更需担当。东主才让看到医务工作者逆行疫区、济世救人,看到普通民众尽自己所能、同舟共济,他迸发激昂热情踊跃创作,记录下中国人民面对磨难时的顽强与大爱。创作了《武汉,加油》——海西武汉 我们同在的短视频和抗击疫情MV歌曲《大爱驻人间》、《火线党支部》、《慈爱暖人间》、《疫情防控 人人有责》,防疫知识音频、疫情法律常识并邀请藏医藏药专家访谈,循着源自内心的感动,以优秀的文艺作品宣传普及科学防疫知识,正确解读疫情防控措施,消除恐惧心理,疏缓紧张情绪,讴歌时代精神。

不需要豪言壮语,却能凝聚起震撼人心的巨大力量,这正是精神的意义与价值。习近平总书记强调:“舍生忘死,集中体现了中国人民敢于压倒一切困难而不被任何困难所压倒的顽强意志。”涓滴之力汇成滚滚暖流,点点微光铺就满天星河。在抗击疫情的斗争中,无数个平凡身影向险而行、攻坚克难,以越是艰险越向前的英雄气概,击退疫魔,换得山河无恙。人民是历史的创造者,人民是真正的英雄。面对前所未知的新型传染性疾病,一位位白衣天使将生死置之度外,一名名党员践行初心使命,一个个普通人坚守岗位,共同绘就了中国抗疫“群英谱”,为伟大抗疫斗争标注了众志成城、不畏艰险的精神底色。

兢兢业业,做好每一项工作

东主才让作为海西州广播电视台总监、译审,青海省党外知识分子联谊会理事,不管在哪个岗位上,他都兢兢业业、勤奋努力,为自己热爱的事业和人生梦想努力奋斗。

多年来,他一直从事新闻翻译、编辑、采访工作。从简单生涩的动态消息到熟练运用通讯、特写、评论各种新闻写作体裁,由理性冷峻而富有哲理的分析到清新典雅的优美文笔,在这个处处是机遇的新闻之路上他采撷的果实不算丰厚,甚至在个人的名利面前也顾不上权衡得失,但他依然勤勤恳恳地默默前行,兢兢业业做好每一项工作。

东主才让是一位热爱学习的新闻人,随着网络的不断普及和发展,在生活中总会遇到一些网络名称或网络专业术语。这些年来他把日常翻译审稿过程中遇到的一些新问题,如新词术语、典型例子、翻译技巧等都一一做了记录,搜集了大量的素材并与同行们加以研究、改进、整理,使一些近年来出现的新词术语进一步规范化、标准化,更适合广播的特色以及听众收听规律。他先后撰写了《关于广播电视新闻翻译》、《广播新闻翻译与新名词术语》等十余篇论文,在《青海社会科学》《中国西藏》《攀登》上发表。在《新闻翻译中存在的自由造译》一文中他提出了目前新闻翻译中存在的问题,以及海西台藏语中心如何处理遇到的一些新词术语,赢得了与同行们的普遍赞同。

在庆祝建党98周年之际,他精心设计、创新思路,在领导们的大力支持下,在海西州广播电视台藏语中心开设了《党旗在柴达木飘扬》系列专栏,他带着团队走遍海西三县两市和厂矿、企业、学校、部队,行程万里,深入到基层采访优秀民族党员干部和先进集体,撰写出了具有广播特色的录音报道50篇,节目播出后在社会上引起了较好的反响。他采写的《布哈河畔的领头雁》和《绿色的追求》等长篇通讯,这些录音报道,用大量的事实赞颂了各条战线上的模范典型和先进单位,听后使人振奋。“海西是一个少数民族地区,在基层各少数民族们相互帮忙、相互支持,共同发展,在采访中我深切感受到民族一家亲的真正含义。”东主才让说。

“网络在我们生活中已不可缺少了,所以我们要不断地学习互联网知识,尤其新闻人要时时刻刻保持清醒的头脑,利用好网络传播正能量,讲好身边故事。”东主才让说。

发挥专长,弘扬正能量

海西是一片富饶的地方,东主才让在这片神奇美丽的地方播撒自己的新闻梦想。

多年的新闻采访实践活动让他积累了一定的经验,对平时的思考和感悟也常常述诸笔端。他结合自己在广播电视新闻翻译宣传工作中的具体实践,经过认真思索、总结和反复推敲,完成了翻译专业论文《文化心理对汉藏翻译的影响 》等数30篇文章。先后有85件作品获全国全省广播电视节目一、二、三等奖。通过多年的学习,他在新闻宣传工作方面有扎实的基础知识,有丰富的工作经验和勇于创新、勇于探索、开拓进取的精神。2020年突发公共卫生事件中,海西文化领域优秀人才和名家率先垂范、主动作为,加强正面引导,宣传普及科学防疫知识,增强社会公众战胜疫情的信心和决心,文化领域人才同心共济、发挥专长、精心创作、弘扬正能量。

每一个人只有付出才有回报。东主才让就是这样一位勤奋努力的人。2012年,他拍摄、执导的纪录片《藏家有女初长成》荣获中国“金鹏展翅”三等奖和世界山地纪录片人文类短片入围奖。近年来,他参与执导或直接拍摄的电视旅游片《终极的黑帐篷》《和谐家园—岗格雪合勒》、纪实片《幸福是奋斗出来的》、民俗纪录片《我的小骏马》、电视专题片《相聚在金沟里》、电视网络晚会《祝福吉祥》等35部作品分别荣获国家、省部级一、二、三等奖。作为基层文化新闻工作者的一员,他一直坚持不忘初心,牢记使命,将生活中平凡的故事通过镜头展现在观众面前,而时间也在他黑黝黝的脸颊上刻下了一道道岁月的痕迹,他说,为了新闻,为了民族文化、为了清朗网络空间值了。

25年,有人学会做人,有人学会做事,而对于东主才让来说,他在新闻工作中学到了更多东西,也积累了很多宝贵的经验。随着时间的推移,他已成长为一名能够承担重大选题任务并独当一面的业务骨干。工作中他不仅与同事取长补短,切磋交流;而且相继代培了十几名新入台的同志和大学毕业生,起到了一名“老”同志应有的传、帮、带的作用。

有付出就有回报。2013年,东主才让荣获“第三届青海省德艺双馨文艺工作者”称号、2014年荣获“青海省专业技术人才”称号、2016年获得“青海省优秀专家”称号、2017年获得海西州“高端创新人才百人计划培养领军人才”称号、2018年获得青海省第三批“高端创新人才千人计划培养领军人才”称号、2019年荣获“全国优秀基层政协委员”称号、2020年入选国务院特殊津贴专家。

铁肩担重任,丹心铸忠诚。在多年的采访工作中,东主才让更加成熟稳重,而基层的一个个民族团结的事迹也深深地影响着他,激励着他不断前行奋进。他表示,“今后始终坚定精进的新闻志向,用笔尖记录时代、用视频见证发展,讲好民族地区的民族故事。”