འཇོལ་རྫོང་དངོས་མང་བཤམས་སྟོན་ཁང་དུ་ལོ་བདུན་བཅུའི་སྔོན་གྱི་སྟག་རྒོད་འཕུར་སྐྱོད་རུ་ཁག་གི་གནམ་གྲུའི་ཆག་རོ་གཉིས་གསུར་དུ་བསྣན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་སྔོན། འཇོལ་རྫོང་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་འཇོལ་དྲག་ཆས་པུའུ་ནས་གནམ་གྲུའི་ཆག་རོ་གཉིས་རྙེད་ཅིང་། ཆག་རོ་འདི་གཉིས་ལོ་70སྔོན་གྱི་སྟག་རྒོད་འཕུར་སྐྱོད་རུ་ཁག་གི་གནམ་གྲུའི་ཧྲུ་ལག་ཡིན་ཏེ། འཇོལ་རྫོང་གསར་བརྗེའི་དཔའ་པོའི་དྲན་རྟེན་ཁང་གི་བཤམ་སྟོན་ཚོམ་ཆེན་དུ་བཤམས།

གསར་དུ་རྙེད་པའི་གནམ་གྲུའི་ཆག་རོ།

གནམ་གྲུའི་ཆག་རོ་གཉིས་བཤམ་སྟོན་ཤེལ་སྒམ་དུ་འཇོག་བཞིན་པ།

    གནམ་གྲུའི་ཆག་རོ་འདི་གཉིས་ལོ་ངོ་70སྔོན་ལ་འཇོལ་རྫོང་ཡུན་ལི་ཤང་གསལ་ནང་གྲོང་ཚོའི་འབྲོག་སར་ལྷུང་བའི་གནམ་གྲུའི་ཆག་རོ་ཡིན་ལ།  དཔྱད་བསྡུར་བྱས་པ་ལྟར་ན། ཆག་རོ་འདི་ཐོ་ཧྥང་འཕུར་ལམ་དུ་སར་ལྷུང་བའི་སྟག་རྒོད་འཕུར་སྐྱོད་རུ་ཁག་གི་གནམ་གྲུའི་ཆག་རོ་ཡིན་པ་རེད།

    གསལ་ནང་གྲོང་ཚོའི་ལོ་78ཡིན་པའི་ཨ་མྱེ་མགོན་པོས་གསལ་བཤད་བྱས་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་བར་སྔ་ཕྱི་བྱས་ནས་གནམ་གྲུའི་ཆག་རོ་མང་བོ་རྙེད་ལ། དུས་ད་ལྟའང་གངས་ཆགས་ཀྱི་ཁྲོད་ནས་གནམ་གྲུའི་ཆག་རོ་རྙེད་ཐུབ་པ་བྱུང་བཞིན་འདུག