ཁྱེད་ཀྱི་ཁ་རས་ལ་ནད་འགོག་ནུས་པ་ཡོད་མེད་འདིར་གཟིཊ་དང་ཤེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-18   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ཁ་རས་ནི་ཕྱི་ལ་འགྲོ་སྐབས་མེད་དུ་མི་རུང་བའི་མཁོ་དངོས་གལ་ཆེན་ཞིག་ཏུ་གྱུར་པ་དང་བསྟུན་ནས་ཁ་དོག་སྣ་ཚོགས་ཅན་དང་རི་མོ་སྣ་མང་ཅན་གྱི་ཁ་རས་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཚོང་རར་ཐོན་བཞིན་འདུག རྒྱུན་མཐོང་གི་སྨན་སྤྱོད་ཁ་རས་དང་བསྡུར་ན་ཁ་རས་དེ་དག་གི་ཁ་དོག་མཛེས་ཤིང་ལྟ་ན་སྡུག་ལ། གདམས་ཀའི་རང་བཞིན་ལྷག་ཏུ་ཆེ་བས་དྲ་གྲོགས་མི་ཉུང་ཞིག་གི་དར་སོ་ཆེ་བའི་ཐོན་རྫས་གསར་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།

    སྤྱི་ཚོགས་འབྲེལ་སྟེགས་སུ་དར་སོ་ལ་དགའ་མཁན་ཚོས་ཁ་རས་གྱི་ཁ་དོག་དང་ཤ་མདོག་གཉིས་ཀྱི་སྡེབ་སྦྱོར་ལ་ནན་ཏན་གྱིས་དབྱེ་ཞིབ་བྱེད་བཞིན་ཡོད།  ཡིན་ནའང་ཧྭ་ཧྲེང་དྲ་བས་གནད་དོན་རྙེད་ཡོད། ཁ་དོག་སྣ་མང་ཅན་གྱི་ཁ་རས་ལ་ནད་འགོག་ནུས་པ་ལྡན་ནམ།


 དོན་ངོ་མར། ཁ་རས་ཤིག་ལ་ནད་འགོག་ནུས་པ་ལྡན་མིན་གྱི་ཆེས་གནད་འགག་ནི་ཁ་རས་སྟེང་གི་ཨང་རྟགས་ལ་བལྟ་དགོས་པ་དེ་རེད།
    ཚད་ལྡན་ཡིན་པའི་ཁ་རས་གྱི་ཕྱི་ཐུམ་སྟེང་དུ་ལག་བསྟར་ཚད་གཞིའི་ཨང་རྟགས་འགོད་དགོས་ཏེ།  རིམས་འགོག་བླང་བྱ་དང་ངེས་པ་དོན་གྱིས་མཐུན་པའི་ཨང་རྟགས་གཤམ་གསལ་གྱི་རིགས་ལྔ་མ་གཏོགས་མེད།
སྨན་སྤྱོད་འགོག་སྲུང་ཁ་རས།  【GB19083 2010】
སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས། 【YY0469 2011】 
གཅིག་སྤྱོད་ཅན་གྱི་སྨན་སྤྱོད་ཁ་རས།  【YY/T 0969 2013】
རྒྱུན་སྤྱོད་འགོག་སྲུང་ཁ་རས།   【GB/T 32610 2016】
བྱིས་པའི་ཁ་རས།   【GB/T 38880 2020】
  གཞན་ད་དུང་རྒྱལ་ཁབ་ཀྱིས་དམངས་སྤྱོད་ཁ་རས་ཁྲ་ཁྲ་ཅན་གྱི་འབྲེལ་ཡོད་སྤུས་ཀར་གཏན་འབེབས་གསལ་པོ་བྱས་ཡོད་དེ། ཁ་རས་གྱི་ཕྱི་ནང་གི་མདོག་བརྟན་པོ་ཡིན་མིན་གྱི་ཚད་དེ་རིམ་པ་གསུམ་ལས་དམའ་མི་རུང་བ་སྟེ་ཁ་རས་གྱི་ཚོས་ལྷུང་ནས་ངོ་ཤ་ལ་མི་བདེ་བ་འབྱུང་རྒྱུར་སྔོན་འགོག་བྱེད་དགོས་པ་དང་། ཁ་དོག་དང་རས་ཁྲ་ཡོད་ས་དེར་འབྲས་སྐྱེད་ཨེན་གྱི་ཚོས་རྫས་ཡོད་མི་ཆོག

    དེ་བས།  སྨན་སྤྱོད་ཁ་རས་ཡིན་ཟེར་བ་མཐའ་དག་ལ་རིམས་ནད་སྔོན་འགོག་གི་བྱེད་ནུས་ལྡན་པའི་ངེས་པ་མེད་དོ།།
    ཁྱེད་རང་གིས་བཀོལ་བཞིན་པའི་ཁ་རས་དེར་རིམས་འགོག་ཚད་གཞི་དང་མཐུན་ནམ།  
    ཞིབ་བཤེར་ཐེངས་གཅིག་བྱ་རྒྱུ་མ་བརྗེད་པ་གནང་རོགས།