འཛམ་གླིང་གི་དཔྱང་ཟམ་ཐོག་མའི་སྒྲིག་གཞི་གཙོ་བོ་ལེཊ་འགྲུབ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས་13ཉིན། འཛམ་གླིང་གི་བར་ཐག་ཆེ་བའི་ལྕགས་ལམ་གྱི་ཆེད་སྤྱོད་དཔྱང་ཟམ་ཐོག་མ་སྟེ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་གྱི་ལས་གྲྭ་གཙོ་བོ་ཚང་མ་ལེགས་གྲུབ་ཟིན་ཡོད། སྔོན་དཔག་བྱས་ན་ད་ལོའི་ཟླ་6པ་ནས་བཟུང་ལྕགས་ལམ་འདིང་རྒྱུ་ཡིན་པ་རེད། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ས་དམ་གྲོང་ཁྱེར་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབྲེལ་མཐུད་བྱེད་པའི“མཁའ་ལམ”ཞིག་ཡིན། འབྲི་ཆུའི་ཟམ་ཆེན་གྱི་རིང་ཚད་ཧྲིལ་པོར་སྨི་882.5ཡོད་པ་དང་།ཟམ་པ་གཙོ་བོ་སྨི་680ཟིན་པ།ཟམ་ངོས་དང་གཙང་པོའི་ངོས་ཀྱི་དྲང་འཕྱང་བར་ཐག་སྨི་250ཙམ་ཟིན་པས།ཐོག་བརྩེགས་80ལྷག་ཙམ་གྱི་ཁང་པའི་མཐོ་ཚད་དང་འདྲ་བ་རེད།ཟམ་པ་གཙོ་བོ་ནི་གནམ་ཐག་འདེགས་པའི་ངར་ལྕགས་གདུང་མའི་དཔྱང་ཟམ་དང་ཟམ་ཆེན་གྱི་སྣེ་གཉིས་ཚང་མ་ཕུག་ལམ་དང་སྦྲེལ་ཡོད་པ་རེད།

    ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་རྣམ་གྲངས་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ཟམ་ཆེན་དེ་2015ལོའི་ཟླ་10པ་ནས་བསྐྲུན་འགོ་ཚུགས་པ་དང་2020ལོའི་ཟླ་10ཚེས་13ཉིན་འབྲེལ་མཐུད་བྱས་པ་རེད།དེའི་རིང་བདེ་འཇགས་ཉེན་ཁ་ཆེ་བ་དང་།ཨར་སྐྲུན་བྱེད་ས་གུ་དོག་པ།ཐིག་གཤིས་ཚོད་འཛིན་བྱེད་དཀའ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་རྗེས།རི་ཁུལ་ལྕགས་ལམ་གྱི་དཔྱང་ཟམ་སྐྲུན་པའི་དཀའ་གནད་བསལ་ནས་ལག་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱས་པ་རེད། མིག་སྔར་རྣམ་གྲངས་དེའི་ཞོར་གཏོགས་གྲུབ་ཆ་ཨར་ལས་བྱེད་བཞིན་ཡོད་པ་དང་ཟམ་ཆེན་འདི་ཉིད་ད་ལོར་ཤར་གཏོང་ཐུབ་རེ་ཡོད་པ་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཡུན་བོད་ལྕགས་ལམ་གྱི་གལ་ཆེའི་གྲུབ་ཆ་ཡིན་པ་དང་།ལྷོ་ནས་ས་དམ་གྲོང་ཁྱེར་ཡུས་ལུང་རྫོང་ནས་བྱང་དུ་འབྲི་ཆུ་བརྒལ་བ་དང་།ཡང་ཐང་གྲོང་རྡལ་བརྒྱུད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འབྱོར་བ་རེད།

    ལྕགས་ལམ་ཤར་གཏོང་ཐུབ་རྗེས།བདེ་ཆེན་ཁུལ་གྱིས་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་།ཁུན་མིང་གྲོང་ཁྱེར་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་ཆུ་ཚོད་4ཙམ་བསྐྱོད་ཐུབ་རེ་ཡོད་ལ།ས་དམ་གྲོང་ཁྱེར་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་ཆུ་ཚོད་1ཙམ་ལས་འགོར་གྱི་མེད་པ་རེད།