ལྷ་ས་རུ་སྟག་གདན་འགྲེམས་སྟོན་བྱེད་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-12   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་4ཚེས་9ཉིན། སྟག་གདན་འགྲེམས་སྟོན་ཞེས་པ་དེ་ལྷ་སའི་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་སྤེལ་བ་རེད། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་པས་གནའ་བོའི་བོད་ཀྱི་ཉར་ཚགས་ས་གདན་གཞིར་བཟུང་ཡང་བསྐྱར་སྔོག་འདོན་ཐོག་ནས་“སྟག”བརྗོད་དོན་གཙོ་བོར་བྱས་པའི་རི་མོ་ལེགས་སྒྲིག་བྱས་ནས་ད་ཐེངས་ཀྱི་འགྲེམས་སྟོན་བརྩམས་ཆོས་ཇུས་འགོད་དང་བཟོ་བསྐྲུན་ཐུབ་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནང་རང་རང་གི་ཁྱད་ཆོས་ལྡན་པའི་བོད་ཀྱི་ས་གདན་སྒྱུ་རྩལ་བརྩམས་ཆོས་20ལྷག་ཙམ་འགྲེམས་སྟོན་བྱེད་པ་དེ་ཟླ་5པའི་ཟླ་འགོའི་བར་འགྲེམསས་སྟོན་བྱ་རྒྱུ་ཡིན་པ་རེད།