དཔྱིད་དཔལ་སྒེག་མོ་ཕྱག་ཕྲེང་ཡུལ་ལ་སླེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-08   རྩོམ་ཁུངས།    ཁམས་པའི་དྲ་བ།

 ཉེ་ཆར། ཕྱག་ཕྲེང་རྫོང་གི་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་གང་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། ཕྱག་ཕྲེང་རྫོང་གི་ཕྲེང་སྟོད་གྲོང་རྡལ་གྲོང་སྟོད་གྲོང་སྡེར་སླེབས་དུས། རི་ཆུས་སྔོ་ལྗང་གོས་བཟང་བཀླུབས་ཏེ་འཇིག་རྟེན་འདིའི་སྣོད་བཅུད་ལ་གསོན་ཤུགས་དང་སྤྲོ་སྣང་དཔག་མེད་སྦྱིན། ས་གཞི་སྟེང་གི་སྐྱེ་དངོས་དང་སྲོག་ཆགས་འབུམ་ཕྲག་ལ་ཚེ་སྲོག་གསར་བ་རྒྱས་ཤིང་། ས་གཞི་འཛིན་མའི་ཁྱོན་ཡོངས་ལ་མཛེས་སྡུག་དང་བདེ་སྐྱིད་ཀྱིས་ཀུན་ཏུ་གཏམས་ཡོད། ཞིང་པས་དྲོད་གཤེར་ལྡན་དུས་སོ་ནམ་ལས་ལ་འབད་བཞིན་མཆིས་ཏེ་ཞིང་དང་མུ་ཁ་ཐམས་ཅད་དུ་སོ་ནམ་པའི་གཟུགས་བརྙན་མིག་ལམ་ན་ཤིན་ཏུ་མཛེས་སོ།།