དཔྱིད་ཟླ་བཞི་བའི་བདེ་ཆེན་དུ་གངས་དཀར་ལྷ་མོ་རྩེད་དགའི་གར་ལ་བྱོན།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    བར་འདིར་ཡུལ་གཞན་དུ་དྲོད་འཇམ་གྱི་ནམ་ཟླ་ཤར་ནས་མཚར་སྡུག་གི་མེ་ཏོག་རྣམ་པར་བཞད་པའི་དུས་ལ་འཁེལ་ཡོད་ཀྱང་སྲིད་མོད།བདེ་ཆེན་མཐོ་སྒང་ལ་མཚོན་ན་ཟླ་བཞི་བའི་ཚེས་མགོར་གངས་ཀྱི་ཟེགས་མ་ལྷབ་ལྷུབ་དུ་བབས་པས་མཐོང་སྣང་ཡོད་ཚད་དངུལ་མདོག་གི་འཇིག་རྟེན་ཞིག་ཏུ་བསྒྱུར་ཞིང་།  དཔྱིད་ཀྱི་དུས་ལ་དགུན་གྱི་སྣང་བ་ཉམས་སུ་མྱངས་ཆོག་པ་འདི་ཡང་མཐོ་སྒང་གི་རྒྱན་དུ་མཆེད། མཐོ་སྒང་བས་ཁ་བའི་རྡུལ་མང་བརྩེགས་པ་འདི་རྟེན་འབྲེལ་གྱི་རྒྱན་དུ་བརྩི་བ་ཡིན།  ལྟོས་དང་།  ཁ་བའི་འཇིག་རྟེན་པར་རིས་ཀྱི་རྩེ་ལ་འགོད་པའི་མི་བུ་དེས་གོ་སྐབས་དམ་དུ་བཟུང་ནས་ཕར་རྒྱུག་ཚར་རྒྱུག་བྱེད།   ཡང་ཡིད་དུ་འོང་བའི་བྱིས་པ་ཚོས་གངས་རྩེད་ཀྱི་ཁྲོད་ན་ལྷད་མེད་ཀྱི་དགོད་སྒྲ་མངོན།   ཀླུ་ཆུའི་ཟམ་ཆེན་ན་བརྩེ་དུང་གི་དྲོད་ཀྱིས་བཏུམས་པའི་ན་གཞོན་ཕོ་མོ་ཟུང་གིས་ལག་ཟུང་དམ་ཏུ་སྦྲེལ་ནས་འཆམ་འཆམ་དུ་འགྲོ་བ་སོགས་འཁྱགས་པའི་བསྡམས་པའི་ནམ་ཟླ་ཁྲོད།  བརྩེ་སེམས་ཀྱིས་ཁྱབ་པའི་མི་རྣམས་ནི་ཇི་འདྲའི་སྙིང་རྗེ་ཞིང་ཡིད་དུ་འོང་བ་ཞིག་རེད་ཨང་།