ཆབ་མདོ་ནས་བང་སོ་7རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-04   རྩོམ་ཁུངས།    མི་དམངས་དྲ་བ།

ཉེ་ཆར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡང་རྫོང་འཁོར་ར་ཤང་འུག་པ་གྲོང་ཚོའི་རང་བྱུང་གྲོང་སྡེ་ཞིག་ནས་ཕྱིར་མངོན་བང་སོ་7གསར་དུ་རྙེད་ཡོད་པ་རེད། 
   ཟླ་3ཚེས་17ཉིན་ནས་ཚེས་27ཉིན་བར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཚོགས་ཆུང་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་བརྟག་དཔྱད་རུ་ཁག་གིས་ཁྲོན་བོད་ལྕགས་ལམ(བོད་ལྗོངས་ཆབ་མདོ་དུམ་བུ)གྱི་སྒྲིག་སྦྱོར་གཞུང་ལམ་དགུ་ལས་གྲྭ་དང་གློག་མཁོ་འདོན་ལས་གྲྭ་སོགས་རྣམ་གྲངས་ལ་རིག་དངོས་གནའ་རྫས་རྟོག་ཞིབ་དང་དཔྱད་དཔོག་ལས་དོན་སྤེལ་སྐབས་དུར་ཚོགས་འདི་རྙེད་པ་དང་། ལམ་སང་མྱུར་སྐྱོབ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་གཙང་བཤེར་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མྱུར་སྐྱོབ་རང་བཞིན་གྱི་གཙང་བཤེར་ལས་ཐོན་པའི་མིའི་རུས་པ་ཉར་ཚགས་ཡག་པོ་ཐུབ་པ་དང་། ས་སྦས་གཏོང་ཚང་མ་ཙོག་སྡོད་ཚུལ་དང་། དུར་རྫས་གང་ཡང་མེད། དུར་ཚོགས་དེའི་ལོ་རབས་ཧ་ཅང་རིང་ཞིང་ཆུས་གཙང་བཤལ་ཐེབས་ལ། གནས་ས་རི་འདབས་གཟར་པོ་ཞིག་ཡིན་པས། དུར་སའི་དབྱིབས་ཚད་ལ་ཚོད་དཔག་ཡང་དག་བྱེད་ཐབས་མེད་པ་རེད། 
   གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ངོས་སུ་ཐོན་པའི་མིའི་རུས་པ་འཚོལ་བསྡུ་བྱས་ནས་གོམ་སྟབས་རྗེས་མར་འབྲེལ་ཡོད་ལེགས་སྒྲིག་དང་ཞིབ་དཔྱད་ལས་དོན་སྤེལ་རྒྱུ་རེད། དུར་ས་མང་བའི་གནས་ཚུལ་ལ་གཞིགས་ན། གནས་དེ་དང་དེའི་མཐའ་འཁོར་ནས་ད་དུང་དུར་ས་གཞན་པ་ཡོད་པ་ཚོད་དཔག་ཐུབ་ཡོད།
   གནའ་རྫས་རྟོག་ཞིབ་རུ་ཁག་གིས་འཕྲལ་མ་ཉིད་དུ་བྲག་གཡང་རྫོང་རིག་གནས་ཅུས་དང་འུག་པ་གྲོང་ཚོར་བརྡ་ཐོ་བཏང་བ་མ་ཟད། དུར་ཚོགས་ཉེ་འཁོར་དུ་གཏོར་བཤིག་རང་བཞིན་གྱི་མཇུག་འབྲས་ཐོན་སྲིད་པའི་ལས་དོན་གང་ཡང་སྤེལ་མི་ཆོག་པ་བྱས་ཤིང་། ད་ཐེངས་མྱུར་སྐྱོབ་སྔོག་འདོན་བྱས་པའི་བང་སོ་དེ་དག་གི་ལོ་རབས་དང་ངོ་བོ་གསལ་པོ་ཤེས་རྗེས་སླར་ཡང་གོམ་སྟབས་རྗེས་མའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།