༄༅།།ཞི་ཅིན་ཕིང་གིས་ཡོ་རོབ་ཕྱོགས་ལ་འདི་ལྟར་གསུངས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-03   རྩོམ་ཁུངས།    མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཡོ་རོབ་ཕྱོགས་ལ་འདི་ལྟར་གསུངས་འདུག--མི་དམངས་དྲ་བ།--人民网

   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུང་ཏེ་ལའེ་ཨེན་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ན་ནིང་ནས་བཟུང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་འགྲན་སློང་ཁྲོད་འཕེལ་རྒྱས་གསར་པ་བྱུང་བ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ལ་དཀའ་ངལ་ཁྲོད་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོ་དང་ཡོ་རོབ་དབར་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད་པས་མཉམ་ལས་མཐུན་སྦྱོར་བྱས་ཚེ། གཞི་ནས་གནད་དོན་ཐག་གཅོད་ཐུབ་པ་དང་འགྲན་སློང་ལ་ཁ་གཏད་གཅོག་ཐུབ་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་བརྟན་པོ་དང་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོར་འཛིན་པའི་རང་བརྟེན་གྱི་ངོས་འཛིན་ཞིག་ཆགས་པ་བྱས་ཏེ་རང་བརྟེན་གྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་ལག་ལེན་བསྟར་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།