མཐའ་ཆུ་ལུང་པའི་བོད་ཀྱི་དངུལ་ཆས་ལག་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་བོད་བཟོའི་དངུལ་རིགས་རྒྱན་ཆ་ཐོག་མར་ས་གནས་དེ་གའི་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་རས་པ་འཁྲབ་སྐབས་མགོ་ནས་མཇུག་བར་མཛེས་རྒྱན་སྤྲས་པ་ནས་ངོ་ཤེས་པ་རེད། 



        ལོ་རྒྱུས་ཐོག་གི་བོད་རིགས་ནི་རྩྭ་ཆུ་རེ་རེ་བཞིན་གནས་སྤོ་བྱེད་པ་དང་སྐྱས་སྤོའི་འཚོ་བ་གཙོ་བོར་བྱེད་པའི་མི་རིགས་ཤིག་ཡིན། དུས་ཡུན་རིང་པོའི་འཚོ་བའི་ཁྲོད་རྒྱུ་ནོར་དང་རྩ་ཆེའི་དངོས་པོ་རྒྱན་ཆར་བརྗེས་ནས་ལུས་ཐོག་ཏུ་བཏགས་ཏེ་གནས་སྤོ་བྱེད་པའི་གོམས་གཤིས་ཆགས་ཡོད། མེས་པོས་ངག་རྒྱུན་བརྒྱུད་དེ་ང་ཚོས་དེ་རིང་མཐོང་བའི་ལུས་ཡོངས་ལ་རྒྱན་ཆ་འདོགས་པའི་རྣམ་པ་ཞིག་ཆགས་ཡོད། རྒྱན་ཆ་བཟོ་བའི་ལག་རྩལ་དེ་གནའ་བོའི་གུས་པར་འོས་པའི་ལས་རིགས་ཤིག་ཏུ་གྱུར་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་མཐོང་ཆེན་དང་དགའ་པོ་བྱེད་ཀྱི་ཡོད།

        དུས་རབས་ཡར་རྒྱས་འགྲོ་བ་དང་ཆབས་ཅིག་བོད་དངུལ་རྒྱན་ཆ་དེ་འཚོ་བའི་ཁྲོད་ཡོངས་སུ་ཁྱབ་ཡོད་ལ་མཛུབ་དཀྲིས་དང་རྣ་ལོང་། ལག་གདུབ། མགུལ་རྒྱན། མགོ་རྒྱན་སོགས་གང་སར་མཐོང་རྒྱུ་ཡོད། མཛེས་ཤིང་མཚོན་བྱེད་རང་བཞིན་ལྡན་པའི་རྒྱན་ཆ་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

        བོད་ལུགས་ཀྱི་དངུལ་རིགས་རྒྱན་ཆ་ལས་སྣོན་གྱི་བཟོ་རྩལ་བརྒྱུད་རིམ་ལའང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་སྟེ། དངུལ་ལེན་པ་དང་། དྲས་གཏུབ་བཞུ་བ། གཟོང་བུ་འཐེན་པ། སྐུད་པ་འཐེན་པ། ལེབ་མོ་བརྐོ་བ། བཟོ་བ། གཙང་འཁྲུད་བྱེད་པ། གྲུབ་རྫས་བཟོ་བ་བཅས་ཀྱི་བརྒྱུད་རིམ་རེ་རེ་ནི་ཤེས་བྱ་ཞིག་ཡིན།