བདེ་ཆེན་གྱི་གཞུང་ལམ་གལ་ཆེན་ཞིག་ཤར་གཏོང་ཐུབ་ལ་ཉེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉིན་ཤས་བསྟུད་མར་འཛུགས་སྐྲུན་པ་572ཀྱི་འབད་བརྩོན་འོག་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་འབྲེལ་ཡོད་ཕྱོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན་ད་ལོའི་ཟླ་6ཚེས་30ཉིན་གོང་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན་སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་་གཞུང་ལམ་གྱི་གཙོ་རྐང་དེ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དང་། སན་་པ་ཤང་། ལུའོ་ཅི་ཤང་། རྒྱལ་ཐང་གྲོང་རྡལ་བཅས་བརྒྱུད་ནས་གདོང་འཁྲུ་གཞོང་ལ་ཁ་ནས་སེམས་ཀྱི་ཉི་ཟླའི་ཤར་སྐོར་ལམ་རྙིང་པ་དང་སྦྲེལ་མཐུད་བྱས་རྗེས་དམག་རྟ་ར་བ་དང་། S209ལམ་ཐིག་སེམས་ཀྱི་ཉི་ཟླའི་དམག་རྟ་ར་བ་ནས་གངས་རི་ཆེན་པོ་ལ་ཁ་བར་གྱི་གཞུང་ལམ་གྱི་འགོ་འཛུགས་ས་དང་སྦྲེལ་མཐུད་བྱས་པ་དང་། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་170.613ཟིན་ཡོད། སྟག་མཆོང་གྲོག་རོང་དང་། ཧ་པ་གངས་རི། ཆུ་དཀར་ཆུ་ནག པོ་ཏ་མཚོ་ལྗོངས་ཁུལ་སོགས་བརྒྱུད་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཤར་སྐོར་ལམ་ནི་བདེ་ཆེན་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་ཕྱུག་འགྱུར་ལམ་བུ་ཞིག་རེད།