བྱིས་པ་ཡོད་པའི་ཁྱིམ་བདག་ཚོས་མྱུར་དུ་གཟིགས་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-30   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

ཀུན་གྱིས་དོ་ཁུར་བྱེད་བཞིན་པའི་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་གི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་གཅོག་སྲིད་ཇུས་ཚེས28ཉིན་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི《ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་གི་མི་སྒེར་གྱི་ཐོབ་ཁྲལ་ཆེད་དོན་ཟུར་སྣོན་འཐེན་གཅོག་གི་བརྡ་ཐོ》གཞིར་བཟུང་། ད་ལོའི་ཟླ1པའི་ཚེས་1ཉིན་ནས་བཟུང་ཁྲལ་འཇལ་མཁན་གྱིས་ལོ་ན3མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་གི་འབྲེལ་ཡོད་འགྲོ་སྒོ་སྒོར་རྩིས་བརྒྱབ་ནས་མི་སྒེར་གྱི་ཐོབ་ཁྲལ་མ་འཇལ་གོང་ཕྲུ་གུ་དམར་འབྱར་དང་བྱིས་པ་རེར་ཟླ་རེར་སྒོར1000གི་ཚད་གཞིའི་བཅད་གྲངས་ལྟར་འཐེན་གཅོག་བྱ་རྒྱུ་རེད།