སོ་ན་བ་སྨན་བཅོས་བྱ་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-29   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        སོ་ན་བའི་སྐབས་སྔོན་ལ་ཆུ་དྲོད་འཇམ་གྱིས་ཁ་བཀྲུ་བ་དང་དེ་རྗེས་སྲིང་བལ་དང་བལ་གཙང་མ་གང་རུང་ཞིག་གི་ཐོག་གཡེར་མ་ཕྱེ་མ་ཏོག་ཙམ་བྱུགས་ཏེ་སོ་སྲིན་གྱིས་ཟས་པའི་ཁོག་སྟོང་དེའི་ནང་བླུགས་པ་དང་ཡང་ན་ཕྱི་ལུགས་སོ་སྲིན་གྱི་སྨན་དང་སོ་སྨན་ཡྰ་ཐུང་ཧྲུའེ༼牙痛水༽གང་རུང་ཞིག་བླུགས་པ། ཡང་ན་གླ་རྩི་དང་ཁྱུང་ལྔ་སོགས་གང་རུང་ཏོག་ཙམ་བླུགས་ཚེ་ན་ཟུག་དང་གཉན་ཁ་གཅོག་ཐུབ། དེ་མིན་ཕྱི་ལུགས་སྨན་ཆུས་ཐུང་སྨན༼去痛片༽རིལ་བུ་གཅིག་སོ་ན་ས་དེའི་ནང་བླུགས་པའམ་ཡང་ན་ཁ་ལ་བཟས་ཚེ་ན་ཟུག་གཅོག་ཐུབ། ཁོག་སྨན་དུ་ཞོགས་པ་སྤང་རྩི་བཅུ་གཉིས་རིལ་བུ་གསུམ་དང་ཉིན་དགུང་ཁྱུང་ལྔ་རིལ་བུ་བཞི། དགོང་མོ་ཁྱུང་ལྔ་རིལ་བུ་གསུམ༼སྨན་བཟི་ཡོད་པས་ཁ་ཟས་རྗེས་གཏོང་དགོས༽བཅས་གཏོང་དགོས། དེས་ཀྱང་མ་ཕན་པའམ་ཡང་ན་སོ་རྙིལ་སྐྲངས་པ་དང་རྣག་བརྒྱབ་པ་སོགས་བྱུང་ཚེ་སྨན་པའི་བཀའ་ལྟར་གཉན་ཁ་གཅོག་པའི་སྨན་ཁབ་རྒྱག་པའམ་ཡང་ན་སྨན་ཁང་དུ་ཕྱིན་ནས་སྨན་བཅོས་བྱ་དགོས???མ་ཟད་རྒྱུན་དུ་སོ་ལ་བདེ་སྲུང་ཡག་པོ་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།