ལྔ་ཤོག་ཤང་གི་དྲིན་ཚོར་པི་ཝང་རུ་ཁག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་གི་དྲིན་ཚོར་པི་ཝང་རུ་ཁག་གིས་ཤང་དེའི་སྲོལ་རྒྱུན་གླུ་གར་གཞི་རྟེན་དུ་བྱས་ཏེ་ཁྱད་ལྡན་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གསར་སྤེལ་དར་རྒྱས་བཅས་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྐབས་དོན་ཆབ་སྲིད་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་གྱིས་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དྲང་ནུས་བརྒྱུད་བསྒྲགས་བྱས་ནས་ལྔ་ཤོག་གི་རྣམ་པར་གསར་པ་མངོན་པར་བྱས་ཡོད། དྲིན་ཚོར་པི་ཝང་རུ་ཁག་ནི་གྲོང་གསེབ་དར་རྒྱས་ཀྱི་འགྱུར་སྐུལ་རྫས་དང་ཞི་མཐུན་བརྟན་ལྷིང་གི་འདྲེད་སྣུམ་དང་མི་རིགས་མཐུན་སྒྲིལ་གྱི་སྦྱོར་རྫས་ལྟ་བུ་ཡིན་པས་ཤང་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་ཡོད། རུ་མི་ཞིག་གིས་ཁྱིམ་ཚང་ཞིག་གི་ཚབ་བྱེད་པ་དང་ཞབས་བྲོ་རུ་ཁག་ཅིག་གིས་ས་ཆ་ཞིག་གི་སྙིང་སྟོབས་མཚོན་གྱི་ཡོད་པས་རུ་མི་དེ་དག་གིས་སེམས་གཏིང་ནས་དགའ་པོ་བྱེད་པ་དང་བདེ་སྐྱིད་ལྡན་པའི་ཚིགས་འགྲོས་བཏོན་ནས་དུས་རབས་གསར་པའི་རིག་གནས་དར་རྒྱས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཡོད།