ཡུན་བོད་ལྕཊ་ལམ་ལས་ས་དམ་ནས་སེམས་ཀྱི་ཉི་ཟླ་ལམ་དུམ་སྐོར་གྱི་གཏམ་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་3ཚེས་27ཉིན།

ཡུན་ནན་བོད་ལྗོངས་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་གྱིས་

གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡུས་ལུང་གངས་རིའི་ཕུག་ལམ་

འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་།

འཕྲེད་དོང་ཨང་2་པ་དང་3་པ་བདེ་བླག་ངང་ཤར་གཏོང་ཐུབ་པ་

འདིས་ཀྱང་ཕུག་ལམ་གྱི་ཨར་ལས་བརྒྱུད་ལམ་ཚང་མ་སྦྲེལ་ཡོད་མཚོན་པ་རེད། 

ལམ་ཐིག་ཧྲིལ་པོའི་མཐའ་མའི་སྨི་220་སྔོག་འདོན་བྱས་པ་

མཐུན་རྐྱེན་འདོན་སྤྲོད་བྱས་ཡོད།

        ཡུས་ལུང་གངས་རིའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་14745ཡོད་པ་དེ་ལམ་ཐིག་ཧྲིལ་པོའི་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་ཁོངས་སུ་གཏོགས་ཡོད། དེའི་ནང་འཕྲེད་དོང་ཨང་2པ་དང་3པ་ནི་ཕུག་ལམ་དེའི་འགག་རྩའི་བགྲོད་ལམ་ཡིན་པ་དང་བར་ཁོངས་ཀྱི་རིང་ཚད་ལ་སྨི་4100དང་གཏིང་ཚད་ཆེ་ཤོས་ལ་སྨི་1240ཡོད། ཕུག་ལམ་ཡུས་ལུང་གངས་རིའི་གས་སྲུབས་ཆད་པའི་ཆུ་རྒྱུད་བརྒལ་བའི་རྐྱེན་གྱིས་ལས་འགོ་ཚུགས་ཚུན་སྔ་རྗེས་སུ་འདམ་རྫབ་འཕྱུར་བའི་དོན་རྐྱེན་ཐེངས་238ཐོན་པ་དང་ཉིན་རེར་ཆུ་མང་ཤོས་ཕྱོགས་ཁྲི་3.7ཐོན་པ་དང་འདམ་རྫབ་ཆེ་ཤོས་ཕྱོགས་3000ཟིན་ཡོད།

ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་སྟེ་

དྲང་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ139ཡོད།

 ལྷོ་ནས་ས་དམ་གྲོང་ཁྱེར་ཡུས་ལུང་འཇང་རིགས་རང་སྐྱོང་རྫོང་འགོ་ཚུགས་པ་དང་།

 བྱང་ཕྱོགས་ནས་འབྲི་ཆུ་བརྒལ། 

ཡང་ཐང་བརྒྱུད་ནས་སེམས་ཀྱི་ཉི་ཟླ་སླེབས་པ།

ལྕགས་ལམ་ཤར་གཏོང་ཐུབ་རྗེས་

ལམ་རྒྱུད་ཀྱི་ཡུལ་སྐོར་གླེང་མང་བའི་ས་ཁུལ་དང་འབྲེལ་མཐུད་དམ་ཟབ་བྱ་རྒྱུ་ཡིན་པ་དང་། 

ཁུན་མིང་ནས་ཁྲུའུ་ཞུང་། ཏ་ལི། ས་དམ། སེམས་ཀྱི་ཉི་ཟླ་བཅས་ཀྱི་ཡུལ་སྐོར་ལམ་ཆེན་འཛུགས་སྐྲུན་བྱེད། 

ཡུན་ནན་ནུབ་བྱང་གི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་

ནུས་པ་གལ་ཆེན་ཐོན་རྒྱུ་རེད།