ཉི་ཤར་ཐང་སྟོད་དུ་ཁམ་བུ་མེ་ཏོག་རྣམ་པར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        དུས་ད་ལྟ་ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་ཁམ་བུ་མེ་ཏོག་བཞད་པའི་དུས་སུ་སླེབས་ཡོད། གཟའ་མཇུག་ཏུ་མི་རྣམས་ཀྱིས་གྲོགས་པོ་གསུམ་ལྔ་ཙམ་སྒྲིག་པའམ་ཡང་ན་ནང་མི་ཚང་མ་ཁྲིད་ནས་ཁམ་བུ་མེ་ཏོག་ལ་ལྟ་རུ་འགྲོ་བ་དང་ཉི་ཤར་གྱི་ཟས་མཆོག་སྟེ་ཉི་ཤར་བྱ་ཤ་ཟ་བར་འགྲོ་གི་ཡོད།

    ཉེ་བའི་ལོ་ཤས་རིང་།ཐང་སྟོད་གྲོང་ཚོས་ཉི་ཤར་གྱི་རྫ་ནག་དང་།ཉི་ཤར་གྱི་བྱ་ཤ།དཔྱིད་དུས་གང་སར་བཞད་པའི་ཁམ་བུ་མེ་ཏོག དབྱར་དུས་ཀྱི་ཉི་མ་མེ་ཏོག སྟོན་དུས་ཀྱི་ནས་སོགས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་རྣམ་པར་བཀུག་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ལ།གྲོང་ཚོ་རུ་མགྲོན་ཁང་དང་།འགྲེམས་སྟོན་ཁང་།རྫ་ནག་བཟོ་སྐྲུན་ཉམས་ལེན་ཁང་སོགས་བཙུགས་ནས་དཔལ་འབྱོར་འབབ་འཕར་བྱུང་ཡོད་པ་རེད།