ཉི་ཤར་གྱི་རྫ་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་རྫ་ནག་ལག་རྩལ་པ་བློ་བཟང་བཀྲ་ཤིས་ཀྱིས་རྫ་ཁོག་བཟོ་བཞིན་པ།

    ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་རྫ་ཁོག་བཟོ་རྩལ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བོ་ལྡན་ཏེ།རྫ་བཟོ་བ་དང་རི་མོ་འབྲི་བ།འབུར་བརྐོས་བ།ཚག་བརྐོས་བ།སྲེག་བཟོ།བརྡར་འཐག་སོགས་ལས་རིམ་20ལྷག་ཙམ་བརྒྱུད་ནས་གྲུབ་པ་ཞིག་ཡིན་ལ།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད། དངོས་སྤྱོད་རང་བཞིན་དང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་རེད།

     ཉེ་བའི་ལོ་འགར།འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐད་གྲགས་ཆོད་ཚད་མུ་མཐུད་དུ་རྒྱ་ཁྱབ་སོང་བ་དང་བསྟུད་ནས། ཡུལ་སྐོར་བ་དེ་བས་མང་བ་ཐང་སྟོད་གྲོང་ཚོར་སོང་ནས་རྫ་ནག་བཟོ་རྒྱུ་ཉམས་ལེན་བྱེད་ཀྱི་ཡོད་པ་རེད།ཉི་ཤར་ཤང་གི་རྫ་ནག་བཟོ་བ་ཡང་རིམ་བཞིན་ཁྱིམ་ཚང་གི་ལས་རའི་ཐོན་སྐྱེད་ནས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ཕྱོགས་སུ་བསྒྱུར་ནས་ཐང་སྟོད་གྲོང་ཚོའི་གྲོང་མིའི་ཕྱུག་འགྱུར་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་མ་ཟད།སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུའང་གྱུར་ཡོད།