ས་དམ་ནས་བདེ་ཆེན་བར་གྱི་ལྕགས་ལམ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།མིག་སྔར་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་མཐུན་ཚོགས་ཀུང་སིའི་ཡུན་ནན་ནུབ་རྒྱུད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུས་འགན་འཁུར་ནས་བསྐྲུན་པའི་ཡུན་བོད་ལྕགས་ལམ་སྟེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་གྱི་ཨར་སྐྲུན་འཕེལ་རིམ་བདེ་བླག་ཡོད་པ་དང་ལས་གྲྭ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱིནུབ་རྒྱུད་ལྕགས་ལམ་དྲ་བདང་དེ་བཞིན་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ལྕགས་ལམ་གྱི་སྤྱིའི་རིང་ཚད་སྟོང་སྨི་140ཙམ་ཡོད་པ་དང་མེ་འཁོར་ཤར་གཏོང་ཐུབ་རྗེས་ཁུན་མིང་ནས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི་དུས་ཚོད་ཐུང་དུ་འགྲོ་རྒྱུ་རེད།