རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-18   རྩོམ་ཁུངས།    རྨ་ཆུ་རྫོང་བོད་ཡིག་ཡིག་མཁན་མཐུན་ཚོགས།
རང་ཉིད་ངོ་སྤྲོད།
བློ་བཟང་དོན་གྲུབ།
༡༩༩༣ལོར་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁྱོ་ཁོའི་འབྲོག་སྡེ་སྨད་མ་ཞེས་པར་སྐྱེས། ཆུང་ངུའི་དུས་ནས་ཕ་མ་དང་དགེ་རྒན་རྣམ་པའི་བཀའ་དྲིན་གྱིས་བསྐྱངས་ཏེ་སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད་པའི་སྐལ་བཟང་ཐོབ།2014ལོ་ནས་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་བོད་ཀྱི་ཡིག་མཁན་གྲགས་ཅན་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱི་དྲུང་ནས་ལོ་ངོ་གསུམ་ལྷག་གི་རིང་ལ་སློབ་སྦྱོང་གི་ཞོར་དུ་བོད་ཀྱི་ཡིག་གཟུགས་ལ་རང་ཚོད་ཀྱིས་སློབ་སྦྱོང་གི་ངལ་བ་ཕྲན་ཙམ་བསྟེན་པའི་ཁུལ་བགྱིས་ནས་ད་ལྟའི་བར་དུ་རྒྱུན་བསྐྱངས། ད་ཆ་དེ་ལ་མི་རྫུན་པའི་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད་ཅེས་སྨྲ་བར་སྤོབས་ལ།སླད་མར་རང་ཉིད་དགའ་བོ་ཡོད་པའི་ལས་ལ་དུས་ཚོད་འདང་ངེས་ཡོད་པ་དང་།གྲུབ་འབྲས་མི་དམན་པ་ཞིག་ཐོབ་པར་དཀའ་བ་ཁུར་དུ་ལེན་པའི་སྤོབས་སེམས་བཅངས་ཡོད།