རྒྱལ་སྲུང་དམངས་ཕན་གྱི་སྔགས་འཕེལ་སྡོམ་གསུམ་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

སྔགས་འཕེལ་སྡོམ་གསུམ་གླིང་གི་ཕྱིའི་བཀོད་པ།

    ལོ་གསར་ཚེས་དགུ་ཉིན། སེམས་ཀྱི་ཉི་ཟླའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་ན་ཡུལ་གཞན་ལ་ཡུལ་སྐོར་དུ་སོང་བའམ་ཡང་ན་ལུས་རྩལ་བྱེད་སྒོ་ཁག་སྤེལ་ནས་ལོ་གསར་བཏང་བ་དང་།ག་ས་གང་དུ་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་ཡོད།འོན་ཀྱང་སྔགས་འཕེལ་སྡོམ་གསུམ་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་ཡེ་ཤེས་ལ་ཁ་པར་རྒྱབ་དུས་ཁོང་རང་རང་ཉིད་ཀྱི་གཉེན་ཉེ་དང་མཉམ་འཛོམས་བྱེད་པའི་དུས་ཚོད་དོར་ནས་དབུལ་སྐྱོར་ཉམས་ཞན་ལ་རོགས་རམ་བྱེད་པའི་ལམ་དུ་སྐྱོད་བཞིན་ཡོད། བྱ་བ་འདི་འདྲ་དགོན་པའི་ནང་དུ་བྱུང་བ་བགྲང་གིས་མི་ལང་ལ། འདི་ཡིས་དགོན་པའི་གྲྭ་བ་རྣམས་གཞན་ལ་རོགས་སྐྱོར་བྱེད་པར་དགའ་བའི་སྤྱོད་བཟང་མཚོན་ཡོད། 

དགེ་སྒྲུབ་སྤྱོད་བཟང་གི་དགོན་སྡེ།

    སེམས་ཀྱི་ཉི་ཟླའི་དགུན་ཁར་གནམ་གཤིས་ཚུབ་མོ་དང་མཁའ་རླུང་སྐམ་ཤས་ཆེ་བས། གཟབ་ནན་ཅུང་ཙམ་མ་བྱས་ཚེ་ན་ཆམ་པ་ཕོག་སླ་བ་རེད། བསྟན་འཛིན་ཡེ་ཤེས་འཁྱགས་པའི་རྐྱེན་གྱིས་ཆམ་པ་ཕོག་ནས་མགོ་ཡུ་འཁོར་བ་དང་རྐང་ལག་བཞི་པོ་ན་བ། ཤེད་ཤུགས་མེད་པས་ཧ་ཅང་བཟོད་དཀའ་ཡོད་མོད། འོན་ཀྱང་ཁོང་གིས་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་གྲོང་མིའི་སྡོད་ཁང་ཞིག་ལ་མེ་ཤོར་བ་ཤེས་རྗེས། གྲྭ་ཤག་ཏུ་ངལ་གསོ་རྒྱག་པའམ་ཡང་ན་སྨན་ཁང་དུ་འགྲོ་རྒྱུའི་གདམ་ག་མ་བྱས་པར་ནད་ཀྱིས་མནར་བཞིན་དུ་གནོད་འཚེ་ཕོག་པའི་ཁྱིམ་ཚང་ལ་འཚམས་འདྲིའི་མ་དངུལ་སྒོར་2000བསྐྱལ་བར་སོང་ཡོད་དེ། གྲང་ངར་ཆེ་བའི་དགུན་དུས་སུ་ཁོང་ཚོར་དྲོ་སྐྱིད་ཕྲན་བུ་སྦྱིན་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

    ཐོག་མཐའ་བར་གསུམ་དུ་དགོན་སྡེས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་མཐའ་འཁྱོངས་བྱེད་ཡོད་པ་དང་། 2010ལོ་ནས་བཟུང་། དགོན་སྡེའི་ཉེ་འགྲམ་གྲོང་ཚོའི་དངོས་གཞིའི་ཚན་ཁག་གི་སློབ་མ་རེ་སློབ་དུས་རེར་འཚོ་བའི་ཁ་གསབ་མ་དངུལ་སྒོར་1000སྤྲོད་ཡོད། མིག་སྔར། ཡུན་ནན་སློབ་ཆེན་དང་། ཡུན་ནན་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་སུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཆེན་གྱི་སློབ་མ་ཁྱོན་བསྡོམས་39ལ་རོགས་དངུལ་སྤྲད་ཡོད། སློབ་མས་སྦྱངས་པའི་ཆེད་ལས་དེ་གསོ་རིག་དང་། སློབ་ན་མ་སོན་གོང་གི་སློབ་གསོ། དྲ་རྒྱའི་ལས་གྲྭ ཡུལ་སྐོར་དོ་དམ། ལོ་རྒྱུས་རིག་པ། སྐད་བརྡ་རིག་པ་སོགས་དང་འབྲེལ་བ་ཡོད་པས། སློབ་མ་ཚོས་སློབ་གྲྭ་ཆེན་མོའི་ནང་ཆེད་ལས་དག་ཡག་པོ་སྦྱངས་ནས་ཕྱིར་ལོག་སྟེ་དགོས་མཁོ་ཡོད་སར་སྤྱི་ཚོགས་ལ་དྲིན་ལན་འཇལ་ཐུབ་པ་དེ་ནི་བསྟན་འཛིན་ཡེ་ཤེས་ཀྱི་རེ་བ་ཡིན་པ་རེད། ཁོང་གིས་སླད་ཕྱིན་ང་ཚོས་ད་དུང་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཐུབ་པའི་སློབ་མ་ལ་རོགས་རམ་བྱེད་འདོད་ཡོད་ཅེས་བཤད།

图片

1942ལོར་ཐོར་མར་བཞེངས་པའི་དགོན་པའི་ཕྱིའི་བཀོད་པ།

图片

1982ལོར་བསྐྱར་བཞེངས་བྱས་པའི་དགོན་པ།

图片

2016ལོར་བསྐྱར་བཞེངས་བྱས་པའི་དགོན་པ།

    2020་ལོའི་ཟླ་3་པར། དགོན་པའི་མཁན་པོ་ཟླ་བ་ཀུན་དགའ་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་བརྒྱུད་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཞལ་འདེབས་སྒོར་100000སྤྲོད་པ་དང་གྲྭ་བ་ཡོངས་ཀྱིས་རང་མོས་ངང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཞལ་འདེབས་མ་དངུལ་སྒོར་26000ཕུལ་བ་མ་ཟད། དགོན་སྡེས་དུས་ཡུན་རིང་པོའི་ནང་ནད་གཞི་ཚབས་ཆེན་དང་མེ་སྐྱོན།འགྲིམ་འགྲུལ་དོན་རྐྱེན་ཕོག་པ་དང་དཀའ་ངལ་ཡོད་པའི་ཞིང་དུད་ལ་འབྲུ་རིགས་ཁ་གསབ་བྱ་རྒྱུ་མཐའ་འཁྱོངས་བྱས་པས།  ལོ་རེར་ཆ་སྙོམས་དུད་ཚང་5ནས་7 ལ་རོགས་རམ་སྤྲོད་ཡོད།

图片

རོགས་སྐྱོར་ཐོབ་པའི་སློབ་མ་རྣམས་དང་མཉམ་དུ་སྐྱོན་པའི་དྲན་རྟེན་མཉམ་པར།

    དགོན་པའི་དགེ་སློང་བསྟན་འཛིན་ཡར་བྱོན་གྱིས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་འོག དགོན་སྡེའི་ཆོས་སྦྱོང་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཚང་མ་ཧ་ཅང་ལེགས་སུ་ཕྱིན་ཡོད། ང་ཚོ་རང་ཉིད་ཀྱི་དཔེ་དེབ་ཁང་ཞིག་ཡོད་པ་དང་དཔེ་དེབ་ཁང་ནང་དཔེ་ཆ་སྣ་མང་ཡོད་པས་ང་ཚོའི་བསམ་པའི་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་སུ་འགྲོ་ཐུབ་པ་མ་ཟད། ད་དུང་དགོན་པར་གཟུགས་པོ་འཁྲུ་ཁང་དང་རོལ་རྩེད་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད་པས། ཆོས་སྦྱོང་ཞོར་དུ་ང་ཚོས་གཟུགས་པོ་འཁྲུ་ཆོག་པ་དང་ལུས་རྩལ་ཡོ་བྱད་ཐོག་གཟུགས་པོར་སྦྱོང་བརྡར་བྱེད་པར་བསྐྱོད་ཆོག་པས་འཚོ་བ་ཧ་ཅང་བདེ་སྐྱིད་དུ་སོང་ཡོད། མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་དང་དགའ་སྤྲོ་ཡོང་ཐུབ་པ་ནི་ང་ཚོའི་རེ་བ་ཡིན་པ་དང་རང་ནུས་གང་ཐུབ་ཀྱིས་གནོད་འཚེ་ཕོག་པའི་མི་རིགས་ཁག་གི་མང་ཚོགས་ལ་རོགས་རམ་བྱ་རྒྱུ་ནི་ངས་སྒྲུབ་འོས་པ་ཞིག་རེད། སླད་ཕྱིན་ངས་སློབ་སྦྱོང་ནན་ཏན་བྱས་ཏེ་རོགས་རམ་བྱེད་དགོས་པའི་དཀའ་ངལ་ཡོད་པའི་མི་རིགས་ཁག་གི་མང་ཚོགས་ལ་རོགས་རམ་བྱ་རྒྱུ་ཡིན།

དཔལ་ཡོན་དང་འཆམ་མཐུན་ལྡན་པའི་དགོན་སྡེ་འཛུགས་པ།

    སྔགས་འཕེལ་སྡོམ་གསུམ་གླིང་ནི་སེམས་ཀྱི་ཉི་ཟླའི་མངའ་ཁོངས་ནང་གི་ཆེས་གནའ་བོའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན།གསང་སྔགས་དང་སྨན་བཅོས་ཟུང་འབྲེལ་བྱས་པའི་རྐྱེན་གྱིས་གྲིབ་ནད་དང་རླུང་རླན་དང་དཀའ་གནད་ཆེ་བའི་ནད་སྨན་བཅོས་བྱེད་པའི་ཐད་མིང་གྲགས་ཆེ་ལ། སྔགས་འཕེལ་སྡོམ་གསུམ་གླིང་ལ་རྒྱ་སྐད་དུ་ “ཁྲེན་ཨེན་སི”ཞེས་འབོད།

    དགོན་པ་ནི་སྤྱི་ལོ་1441ལོར་བཙུགས་པ། བོད་ལྗོངས་སྟག་ལུང་དགོན་པའི་སྐུ་ཕྲེང་བཅུ་གཅིག་པའི་ཆོས་རྒྱལ་བྱང་ཆུབ་རྒྱ་མཚོས་གསར་འཛུགས་བྱས། ད་བར་ལོ་ངོ་700ཡི་ལོ་རྒྱུས་ལྡན་ཡོད། དགོན་པར་ས་སྐྱ་བ་དང་སྙིང་མ་པ། ཇོ་ནང་པ། བཀའ་བརྒྱུད་པ། དགེ་ལུགས་པ་བཅས་ཀྱི་ཐང་ཀ་བཤམས་ཡོད་དེ། ཆོས་ལུགས་འཆམ་མཐུན་མཚོན་པའི་རྟགས་ཤིག་རེད། དགོན་སྡེ་དེས་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་གཉིས་བར་གྱི་ལོ་གསར་གྱི་ཆོས་ཚོགས་དང་། ཚེས་དགུ་ནས་བཅོ་ལྔའི་བར་གྱི་སྟག་ལུང་ཐང་པའི་མྱ་ངན་དྲན་གསོའི་ཆོས་ཚོགས། ཟླ་བཅུ་གཅིག་པའི་དགུ་གཏོར་སོགས་ཆོས་ལུགས་བྱེད་སྒོ་སྤེལ་སྲོལ་ཡོད་པའམ། ཉེ་འགྲམ་གྱི་དད་ལྡན་མང་ཚོགས་ཚང་མ་བྱེད་སྒོ་དེ་དག་ཏུ་ཞུགས་ནས་ཏང་གི་ཆོས་དད་རང་མོས་ལོངས་སྤྱོད་གང་ལེགས་བྱས་ཡོད།

图片

1951ལོའི་ཟླ་3པར་དགོན་པ་ལ་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནང་།

图片

དགོན་པའི་གྲྭ་བ་རྣམས་ཀྱིས་ཀྲུང་དབྱང་གི་སྐབས་བདུན་པའི་བོད་ལྗོངས་བྱ་བའི་གྲོས་ཚོགས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་བཞིན་པ།

    1951ལོའི་ཟླ་3པར། དགོན་པ་ལ་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནང་བའི་ “ཆོས་དད་རང་མོས་ལ་བརྩི་འཇོག་བྱེད།  སྤུན་ཟླའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་”ཞེས་པའི་གཟེངས་རྟགས་ཐོབ་པ། ཐོག་མཐའ་བར་གསུམ་དུ་དགོན་སྡེས་དུས་རབས་ཡར་ཐོན་དང་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ཆོས་ལུགས་ལས་རིགས་ཀྱི་“ཚད་གཞི་བཞི་” ལག་ལེན་བསྟར་བ་དང་། འཆམ་མཐུན་དགོན་སྡེ་གཏོད་པ། དམངས་གཙོ་ཨུ་ཡོན་ལྷན་ཁང་གི་དོ་དམ་ལམ་ལུགས་དང་ཆོས་ལུགས་བྱེད་སྒོའི་དོ་དམ་ལམ་ལུགས། སློབ་སྦྱོང་ལམ་ལུགས་སོགས་ནན་པོ་བྱས་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་རྣམ་པ་ཞིག་བཏོད་ཡོད། 2017ལོར་ཡུན་ནན་ཞིང་ཆེན་གྱི་འཆམ་མཐུན་དགོན་སྡེའམ་ཆོས་ཁང་ཞེས་པའི་མཚན་སྙན་ཐོབ་པ་དང་། བདེ་ཆེན་ཁུལ་2021ལོ་འཁོར་གྱི་འཆམ་མཐུན་དགོན་སྡེའམ་ཆོས་ཁང་གཏོད་པའི་མཚན་སྙན་ཡང་ཐོབ་ཡོད། 

图片


图片

དགོན་པར་ཐོབ་པའི་གཟི་བརྗིད་མཚན་བཟང་དང་གཟེངས་རྟགས་ཁག་གཅིག

    དགོན་སྡེས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སློབ་སྦྱོང་ཡག་པོ་བྱེད་པ་དང་ཆབས་ཅིག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས།དགོན་སྡེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དཔལ་ཡོན་གུས་ལུགས་དར་སྤེལ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། རྒྱལ་ཐང་གྲོང་རྡལ་དགོན་སྡེའི་དོ་དམ་ཅུས་ཀྱི་བློ་བཟང་ཚེ་རིང་གིས་ཤིང་སྡོང་གིས་ཆུ་ཁུངས་དང་ས་གཞི་གསོ་ཐུབ་པ། ཤིང་སྡོང་འཛུགས་པ་ནི་ངོ་བོའི་ཐོག་ནས་དེ་བས་ཁོར་ཡུག་སྲུང་སྐྱོང་གི་ཚེ་ཐར་གཏོང་སྟངས་ཤིག་ཡིན་པ། ང་ཚོས་ས་གནས་དེ་གར་སྐྱེ་འཚམ་པའི་ཤིང་རིགས་འཛུགས་པ་དར་སྤེལ་བཏང་ནས་ཕ་ཡུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད་པ།

图片

ལོ་415ལ་ཟིན་པའི་རྭ་སྐྲེང་ཤུག་ཟླུམ། 

    དགོན་པར་སྡོང་བོ་ལོ་610ལ་ཟིན་པའི་མངའ་རིས་ཁམ་སྡོང་གཅིག་དང་སྡོང་ལོ་415ལ་ཟིན་པའི་ཤུག་ལོ་ཤིང་སྡོང་གཅིག་ཡོད་པ་དེ་ཧ་ཅང་རྩ་ཆེན་པོ་ཞིག་ཡིན་པས། དགོན་སྡེའི་ནང་ང་ཚོར་མེ་ཡོད་ས་ཁག་ལ་ལྟ་སྲུང་བྱེད་མཁན་ཡོད་པ་དང་མི་འགྲོ་དུས་མེ་གསོད་དགོས་པའི་བླང་བྱ་བཏོན་ཡོད། དུས་མཚམས་སུ་དད་ལྡན་མང་ཚོགས་ཀྱི་མེ་སྤྱོད་བདེ་འཇགས་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ་རང་རྟོགས་ངང་མེ་གསོད་མེ་འགོག་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་དོ་དམ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བར་སྣེ་ཁྲིད་བྱེད་ཡོད་ཅེས་བསྟན་འཛིན་ཡེ་ཤེས་ཀྱིས་འདི་འདྲ་བཤད་ཡོད་པ་རེད།