བདེ་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཉེ་བའི་ལོ་ཤས་རིང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ།མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བརྟན་ལྷིང་དང་།འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་གཅིག་འགྱུར་དམ་འཛིན་བྱས་སྟེ།མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།2018་ལོའི་ཟླ་11་པར་བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་ཡོད།2021ལོའི་ཟླ་དང་པོར་བདེ་ཆེན་ཁུལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ལེགས་སྒྲུབ་ངང་གསར་བཏོད་པ་རེད།

     བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་ཏེ་རྒྱལ་ཡོངས་ཀྱི་བོད་དང་འབྲེལ་བ་ཡོད་པའི་ཁུལ་(གྲོང་ཁྱེར་)དང་ཞིང་ཆེན་ཡོངས་སུ་“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་སློབ་གསོ་ལག་ལེན་ལྟེ་གནས་”དང་“མི་རིགས་མཐུན་སྒྲིལ་ཡར་ཐོན་མཐུན་ཚོགས་”སྔོན་ལ་བཙུགས་ནས།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཡོད། མི་རིགས་ཁག་གི་མི་དམངས་ལ་“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲངས་པ་”བཅས་ཀྱི་ཐུན་མོང་གི་ངོས་འཛིན་ཆགས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་ལ་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང།བསམ་བློའི་ངོས་འཛིན་གཅིག་མཐུན། བརྩེ་དུང་གི་ངོས་འཛིན་གཅིག་མཐུན་བཅས་གཏིང་ཟབ་ཏུ་ཕྱིན་པ།ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བདེ་ཆེན་དུ་གསོན་ཉམས་ལྡན་པའི་ལག་ལེན་ཐོབ་ཡོད།

  “ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་། ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དང་ཁྱབ་གདལ་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་ཡོད་ཅེས་བདེ་ཆེན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་ཧུང་ཀོང་གིས་འདི་འདྲ་བཤད་པ།བདེ་ཆེན་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོན་རྒྱུན་རིག་གནས་འཕེལ་རྒྱས་ལས་གྲྭ་ཤུགས་ཆེའི་ངང་ལག་བསྟར་བྱས་པ་དང་། བརྩི་བཀུར་སྲུང་སྐྱོང་དང་མི་རིགས་ཁག་གི་ཕུན་བྱུང་རིག་གནས་དར་སྤེལ་གཏོང་བ་དང་མི་རིགས་ཁག་གི་མཉམ་སྤྱོད་རིག་གནས་རྒྱུན་འཛིན་བྱས་པ་མཉམ་འདྲེས་བྱས་ནས།རྒྱལ་ཁབ་རིམ་པའི་བདེ་ཆེན་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ། གོ་རིམ་ལྡན་པའི་ངང་ཀོང་རྩེད་རའི་སྐོར་བྲོ། རྒྱལ་ཐང་སྐོར་བྲོ། བོད་སྨན་སོགས་ཕུན་བྱུང་རིག་གནས་བརྒྱུད་སྦྱོང་ལྟེ་གནས་ཀྱི་འཛུགས་སྐྲུན་ལག་བསྟར་བྱས་པ།ནན་ཏན་གྱིས་བདེ་ཆེན་སྐོར་བྲོ། འཇོལ་གྱི་སྦི་ཝང་མི་རིགས་རིག་རྩལ་སྤུས་དག་ཁག་ཅིག་བཟོས་ནས།མི་རིགས་ཁག་གི་རིག་གནས་མཉམ་འདྲེས། གསར་གཏོད་ལ་སྐུལ་འདེད་གཏོང་ཞིང་།  མི་རིགས་ཁག་གིས་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད།  

    བདེ་ཆེན་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་ལས་ཞུགས་དང་།སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་ལས་དོན་དེ་གཙོ་གནད་དམ་འཛིན་བྱ་གཞིར་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱས་ནས་མིག་སྔའི་བར་བདེ་ཆེན་ཁུལ་གྱིས་མི་རིགས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་3་ལྷག་ཙམ་བཏང་ནས་དཔེ་སྟོན་རྫོང་(གྲོང་ཁྱེར་)3་དང་།དཔེ་སྟོན་ཤང་(གྲོང་རྡལ་)11་དཔེ་སྟོན་གྲོང་ཚོ་(ས་ཚིགས་)100 དཔེ་སྟོན་སྡེ་ཁུལ་4 གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་ཤང་(གྲོང་རྡལ་)1 གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་28བཅས་འཛུགས་སྐྲུན་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།