བདེ་ཆེན་གྱི་བོད་མོ་ཞིག་ཨོ་རྩལ་འགྲན་ཚོགས་ཀྱི་ཁྲིད་སྟོན་པ་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཚེས་4ཉིན་གྱི་དགོང་མོ།2022ལོའི་པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་།ཁ་བའི་མེ་ཏོག་གི་བཟོ་དབྱིབས་ཅན་གྱི་བྱང་བུ་ཡར་བཀྱགས་ནས་རྒྱལ་ཁབ་དང་ས་ཁུལ་ཁག་གི་འཐུས་མི་རུ་ཁག་གི་ལུས་རྩལ་པ་ནང་དུ་ཁྲིད་མཁན་གྱི་ཁྲིད་སྟོན་པ་རྣམས་ནི་མཛེས་སྡུག་གི་ཡུལ་ལྗོངས་ཤིག་གྲུབ་འདུག ཧྥིན་ལན་འཐུས་མི་རུ་ཁག་གི་སྣེ་ཁྲིད་པ་ནི་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་རྒྱང་བསྒྲགས་ཆེད་ལས་ཀྱི་སློབ་རིམ་དང་པོའི་ཞིབ་འཇུག་སློབ་མ་སྟེ་ལོ་ན་22ལ་སོན་པའི་བདེ་ཆེན་གྱི་བུ་མོ་བསོད་ནམས་གཡང་མཚོ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།2022ལོའི་པེ་ཅིང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཁྲིད་སྟོན་པ་ནི་པེ་ཅིང་གི་མཐོ་རིམ་སློབ་གྲྭ་ཁག་ནས་རིམ་པ་བཞིན་ལེགས་འདེམས་བྱས་པའི་སློབ་མ་ཡིན་ཞིང་།ལས་འགན་གལ་ཆེན་དེ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་རྒྱུ་དང་།འཛམ་གླིང་ལ་ཀྲུང་གོའི་གཞོན་ནུ་ཚོའི་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པར་བྱ་ཆེད།ན་ནིང་ཟླ་11པ་ནས་བཟུང་ཁོང་ཚོས་ཚགས་དམ་པའི་སྦྱོང་བརྡར་བྱེད་འགོ་བཙུགས་པ་རེད།

   ཁྲིད་སྟོན་པ་ཞིག་ཡིན་པའི་ངོས་ནས་བྱ་ཚང་གི་དཀྱིལ་དུ་ལངས་ནས་གཟབ་རྒྱས་ལྡན་པའི་འདུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཐུན་མོང་ཐོག་བདེན་དཔང་བྱས་སྐབས།བསོད་ནམས་གཡང་མཚོ་ཡི་སེམས་ནང་སྤོབས་སེམས་དང་སྤྲོ་སེམས་ཀྱིས་ཁེངས་ཤིང་།མོས“བློ་སྟོབས་དང་།སྙིང་རུས།ཞུམ་པ་མེད་པའི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་རྣམས་ཚོགས་རར་ཞུགས་རྒྱུ་ཁྲིད་སྟོན་བྱེད་ཐུབ་པ་ནི་ང་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་ཡོད། འགོ་ཚུགས་མཛད་སྒོའི་ཐོག་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་གློག་འོད་འཕྲོ་སྐབས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ལ་རང་ཉིད་ནི་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་སེམས་དང་ངའོ་སྙམ་པའི་ང་རྒྱལ་གྱིས་ཁེངས།རྒྱལ་དར་བརྒྱུད་སྤྲོད་བྱེད་པ་མཐོང་དུས།ངའི་མིག་ཀོང་བརླན་པར་གྱུར།ཀྲུང་གོའི་རུ་ཁག་གར་སྟེགས་སུ་སླེབས་དུས།ནང་སེམས་ནི་དེ་བས་ཀྱང་སེམས་འགུལ་ཚད་མེད་ཐེབས་བྱུང་ཞེས་བཤད་བྱུང་།བསོད་ནམས་གཡང་མཚོས་ཁྲིད་སྟོན་པའི་ལས་འགན་ལེགས་སྒྲུབ་བྱུང་ཟིན་མོད།འོན་ཀྱང་གཅིག་སྡུད་སྦྱོང་བརྡར་ཁྲོད་སློབ་པའི་དཀའ་སྤྱད་སྡུག་རུས་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དེ་སླད་ཕྱིན་ཁོ་མོའི་སློབ་སྦྱོང་དང་འཚོ་བ་ཁྲོད་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་ནི་སྨོས་མ་དགོས་པ་ཞིག་རེད་ཅེས་བཤད་པ་རེད།