བདེ་ཆེན་བོད་ཀྱི་འཐག་བཏགས་ལག་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    

    བདེ་ཆེན་བོད་ཀྱི་འཐག་བཏགས་ལག་རྩལ་ནི་བདེ་ཆེན་བོད་རིགས་མི་དམངས་ཀྱི་ལག་ཤེས་ལས་ཐོན་སྐྱེད་བྱས་པའི་བལ་འཐག་ཐོན་རྫས་ཤིག་ཡིན་ལ།  བཙུགས་ཕྲུག་དང་གྱོན་ཆས།  ཉལ་གདན་སོགས་བཟོ་ཆོག་པ་དང་།  གུས་ལུགས་བྱེད་སྐབས་ཀྱང་ལག་རྟགས་སུ་བརྩིས་ནས་སྤྲོད་ཀྱིན་ཡོད།  

    བདེ་ཆེན་བོད་ཀྱི་བཙུགས་ཕྲུག་འཐག་བཏགས་ལ་ཚོན་མདོག་སྣ་ལྔ་སྡེབ་སྒྲིག་བྱ་རྒྱུ་གཙོ་བོར་བྱེད་ཅིང་།  སྔོན་པོ་དང་དཀར་པོ། དམར་པོ། ལྗང་ཁུ། སེར་པོ་བཅས་ཚོན་མདོག་སོ་སོས་གནམ་སྔོན་པོ་དང་། སྤྲིན་དཀར་པོ། མེ་ལྕེ་དམར་པོ། རི་སྔོན་ཆུ་དྭངས་བཅས་ས་གཞི་ཆེན་པོ་མཚོན་པ་དང་། དེའི་གཏིང་ཟབ་པའི་གོ་དོན་ནི་ཚོན་མདོག་ལྔ་སོ་སོས་ཤིང་དང་གསེར། མེ་ཆུ་ས་བཅས་འབྱུང་བ་ལྔ་མཚོན་པ་དེ་རེད། བུད་མེད་རྣམས་ཀྱིས་འཐག་བཏགས་ལ་བརྟེན་ནས་འབྱུང་བ་ལྔའི་ཡུན་རིང་གི་རིག་གནས་གསོན་ཉམས་ལྡན་པའི་ངང་བཙུགས་ཕྲུག་སྟེང་དུ་མངོན་ཡོད། 

    བཙུགས་ཕྲུག (སྣམ་བུ)་ནི་བལ་འཐག་ཐོན་རྫས་ཡིན་པས་སྲ་ཞིང་སྤྱོད་ཤན་ཆེ་བ་དང་། དྲོད་འཛིན་རང་བཞིན་ཡག་པོ་ཡོད་པར་བརྟེན་རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་བོ་བྱེད་ཀྱིན་ཡོད།