རྩལ་དྲུག་མཛོམས་པའི་དམིགས་བསལ་དམག་འཐབ་པ་གྲགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དྲག་ཆས་ཉེན་རྟོག་ཡུན་ནན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་འཕྲུལ་སྒུལ་ཡན་ལག་རུ་ཁག་ག་གེ་མོས་བཙན་ཁྲིད་ལ་ངོ་རྒོལ་བྱེད་པའི་སྦྱོང་བརྡར་ཐེངས་ཤིག་ཛ་དྲག་ངང་སྤེལ་བཞིན་ཡོད་ལ། བོད་རིགས་ཕོ་གསར་གྲགས་པ་ཡོད་པའི་རུ་ཆུང་གིས་དྲག་ཤུགས་འཕྲལ་རྒོལ་གྱི་ལས་འགན་འཁུར་བ་ཡོད་ཅིང་། དུས་ཐུང་སྐར་ཆ་ཁ་ཤས་རིང་འཐབ་རྩལ་ལག་བརྡའི་སྤེལ་རེས་བྱས་རྗེས་ཁོང་ཚོས་འཕྲལ་ཐག་ཆོད་པོས་ཕར་རྒོལ་བྱས་ཏེ་ཁང་པའི་ནང་འཛུལ་ཞིང་དབུགས་ཐེངས་གཅིག་གིས་འཇིགས་སྐུལ་པ་ཐབས་དང་རྩལ་གྱིས་བརྟུལ། 

    2018ལོའི་ལོ་འགོར་དཔུང་སྡེ་ལེགས་སྒྲིག་དང་སྒྱུར་བཅོས་བྱས་ནས་དམིགས་བསལ་དམག་འཐབ་རུ་ཁག་འབྲིང་བ་བཙུགས་ལ། གྲགས་པས་རེ་འདུན་ཞུ་ཡིག་དང་པོ་ཕུལ་བ་མ་ཟད་རེ་འདོད་ལྟར་དམིགས་བསལ་དམག་འཐབ་རུ་མི་ཞིག་ཏུ་གྱུར།

    ལོ་4ལྷག་ཙམ་རིང་ཁོང་གིས་ཐོག་མཐའ་བར་གསུམ་དུ་དམིགས་བསལ་དམག་འཐབ་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་རང་ངོས་ཀྱི་ཉམས་སད་ཐེག་ཐུབ་པའི་བྱང་ཚད་ལ་བརྟེན་ནས་རུ་འབྲིང་གི་དམིགས་བསལ་དམག་འཐབ་སྦྱོང་བརྡར་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་དང་2020ལོའི་ཟླ་10པར་སྦྱོང་བརྡར་གྱི་གྲུབ་འབྲས་མངོན་གསལ་དོད་པའི་རྐྱེན་གྱིས་དྲག་ཆས་ཉེན་རྟོག་དཔུང་སྡེས་"དམིགས་བསལ་གྱི་དམག་འཐབ་མཐར་སོན་པའི་སྦྱོང་བརྡར་དཔའ་བོར་"་བདམས་པ་དང་འབྲེལ་སྤྱི་ཁྱབ་རུ་ཁག་གི་2020ལོའི་"་དམག་དཔུང་སྟོབས་ཆེར་གཏོང་བའི་གདོང་ལེན་པ་"དང་"དམིགས་བསལ་རྩེ་གྲས་ཀྱི་མཚན་མིང་དོན་དང་མཐུན་པ་ཡིན། 

    གྲགས་པ་ནི་དཔའ་ངར་ཆེན་པོས་འཐབ་ས་དང་པོར་བསྐྱོད་པའི་དམིགས་བསལ་དམག་འཐབ་ཀྱི་རྩེར་སོན་དམག་མི་ཞིག་ཡིན་ལ། དཔུང་སྡེའི་དཔེ་དམག་གི་"དྲག་རྩལ་པ་"ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་ཁོང་གིས་སྔ་རྗེས་སུ་དམིགས་བསལ་དམག་འཐབ་ཀྱི་ཡང་རྩེ་དང་། དམག་དོན་གྱི་རྩེར་སོན་པ། "སྔོན་སྐྱོད་འཛིན་གྲྭ་"བཅས་ཀྱི་དྲག་རྩལ་འགྲན་བསྡུར་ནང་ཐེངས་མང་ཞུགས་ནས་མི་སྒེར་ཐེངས་དང་པོའི་རྩལ་སྣ་རྫོགས་པའི་ཨང་དང་བོ་དང་ཐེངས་གཉིས་པའི་རྩལ་སྣ་རྫོགས་པའི་ཨང་གསུམ་པ། ཐེངས་བཞི་བའི་ཚོགས་པའི་ཨང་དང་པོ་དང་ཐེངས་གཉིས་ཀྱི་གྲུབ་འབྲས་བཟང་པོ། སྤྱི་ཁྱབ་རུ་ཁག་གི་རྩལ་འཁྲིད་པའི་དྲག་རྩལ་འགྲན་བསྡུར་ནང་ཐེངས་གཉིས་ཞུགས་ནས་ཁག་སོ་སོར་ཨང་གཉིས་པ་དང་གསུམ་པ་ཐོབ་པ། སྤྱི་ཁྱབ་རུ་ཁག་གི་ཚབ་བྱས་ནས་དྲག་ཆས་ཉེན་རྟོག་དྲག་ཆས་མཁན་པོ་ཞེས་པའི་རྩལ་འཁྲིད་པའི་འགྲན་བསྡུར་ནང་ཞུགས་ཤིང་ཕུལ་བྱུང་རྩལ་འཁྲིད་པའི་བྱ་དགའ་ཐོབ། ལོ་དེ་དག་རིང་གི་དྲག་རྩལ་འགྲན་བསྡུར་གྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་གྲགས་པས་རང་ཉིད་ཀྱི་རྩལ་ནུས་འཐབ་གྲོགས་ཚོར་བསླབས་ནས་ཉིང་ལག་རུ་ཁག་ལ་ཕུལ་བྱུང་གི་"ཚོགས་འདུ་བཞི་པའི་"རྩལ་འཁྲིད་པ་ཁག་གཅིག་གསོ་སྐྱོང་བྱས་པ་དང་མི་10་ལྷག་ཙམ་གྱིས་སྤྱི་ཁྱབ་རུ་ཁག་གི་དྲག་རྩལ་འགྲན་བསྡུར་སྣ་ཚོགས་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པ་དང་མི་15དམག་དོན་དྲག་རྩལ་གྱི་འགྲན་བསྡུར་ནང་ཞུགས་ནས་མིང་དུ་གྲགས་པ་།་མི་7གྱིས་བྱས་རྗེས་རིམ་པ་གསུམ་པ་བཞག


    དམག་དཔུང་ནང་ཞུགས་ནས་ལོ་10སོང་བའི་རིང་གྲགས་པ་སྔ་རྗེས་སུ་དྲག་ཆས་ཉེན་རྟོག་དཔུང་སྡེས་"ཕུལ་བྱུང་རྩལ་འཁྲིད་པ་"དང་"དཔེ་དམག་རྩལ་འཁྲིད་པ་"་"ཕུལ་བྱུང་གུང་ཁྲན་ཏང་ཡོན"་"དམིགས་བསལ་དམག་འཐབ་ཀྱི་མཐར་སོན་དཔའ་བོ་"བཅས་ལ་བདམས་ལ། སྤྱི་ཁྱབ་རུ་ཁག་གིས་"དམག་དཔུང་སྟོབས་ཆེར་གཏོང་བའི་གདོང་ལེན་པ་"དང་"ཕུལ་བྱུང་དཔོན་དམག་བརྒྱ་"ལ་གཟེངས་བསྟོད་བྱས་ནས་བྱས་རྗེས་རིམ་པ་གཉིས་པ་ཐེངས་1དང་རིམ་པ་གསུམ་པ་ཐེངས་2བཞག་པ་རེད། བོད་རིགས་འཐབ་འཛིང་པ་དེས་དཔུང་སྡེར་རང་ངོས་ཀྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་ལང་ཚོར་འགྱོད་པ་མེད་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་དམག་མིའི་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམས་ཡོད།