སེམས་ཀྱི་ཉི་ཟླས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་བསྣན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ད་ལོའི་ཚུན་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“སྣོད་བཅུད་སྲུང་སྐྱོང”མཐའ་འཁྱོངས་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་རི་དང་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་ས་མཐོའི་སྲོག་ཆགས་དང་རྩི་ཤིང་དང་།རི་ཆུ་ཁྲི་སྟོང་གི་སྲུང་སྐྱོང་ཡག་པོ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་དམ་འཛིན་ཏན་ཏིག་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

    སྐྱེ་ཁམས་ལེགས་སྐྱོང་འཛུགས་སྐྲུན་ལ་དམ་པོར་འཛིན་པ། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་(གྲོང་ཁྱེར་)བསྐྲུན་པར་བརྩོན་ཞིང་།སྐྱེ་ཁམས་བྱེད་ནུས་ཁུལ་འཛུགས་སྐྲུན་དང་འབྲི་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་ལག་བསྟར་བྱས་པ། ཕྱུགས་བསྒྱུར་རྩྭ་གསོ་དང་།རྩྭ་ཐང་གི་སྣོད་བཅུད་སླར་གསོ།རི་རྒྱ་ནགས་གསོ་སོགས་བྱས་པ་མ་ཟད།ནགས་ཚལ་མུའུ་ཁྲི་35.5གསོ་སྐྱོང་བྱས་ནས་རེས་སྐོར་གཉིས་པའི“སྡོང་ཕུང་ཁྲི་བརྒྱའི”བྱ་འགུལ་འཆར་གཞི་དང་འོས་འགན་ཤིང་འཛུགས་ལག་བསྟར་ཡག་པོ་བྱས་ཏེ་ལོ་འདིའི་ནང་སྡོང་ཕྲུག་ཁྲི་110འདེབས་འཛུགས་དང་སྣོད་བཅུད་ནགས་སྲུང་བ་3000ཡན་མུ་མཐུད་གདན་ཞུ་བྱས་ནས། ཞིང་ཆེན་རིམ་པའི་ནགས་ཚལ་དང་གྲོང་གསེབ་5བསྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། འོ་མ་མཚོ་དང་ལྷ་མོ་གཡང་མཚོ་སོགས་སྣོད་བཅུད་བཅོས་སྐྱོང་དང་ཉམས་གསོའི་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཐཱན་འདུས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་།ཐཱན་འདུས་རྣམ་གྲངས་ཡིག་ཐོག་སྙན་ཞུ་ཧུར་ཐག་བྱས་ནས་ཐཱན་འདུས་ཉོ་འཚོང་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།

     

    སྐྱེ་ཁམས་སྲུང་སྐྱོང་གི་“སྲོག་རྩ་”བརྟན་པོ་སྲུང་བ། “ཐིག་གསུམ་ཚེག་གཅིག”གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ནགས་ཚལ་དང་།འདམ་རའི་རྩྭ་ཐང་།སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནགས་ཚལ་གྱི་འགོ་འཛིན་ལམ་ལུགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ནགས་ཚལ་དང་།སྤྱི་ཕན་ནགས་ཚལ།རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་བཅས་མངོན་གསལ་གོང་མཐོར་འགྲོ་བར་འགན་ལེན་བྱ་དགོས། གཙང་པོ་དང་མཚེའུ་ཡི་རིང་ཚད་ལམ་ལུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།ལོ་བཅུའི་རིང་འབྲི་ཆུའི་ཉ་འཛིན་གཏན་འགོག་དོན་འཁྱོལ་ནན་པོ་བྱས་པ་རེད།

    སྦགས་བཙོག་འགོག་བཅོས་ཀྱི་འགག་རྩ་དམ་འཛིན་བྱས་པ། “སྲུང་སྐྱོབ་དམག་འཁྲུག་ཆེན་པོ་བཞི”དང་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི“མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད”ལ་མུ་མཐུད་སྐུལ་འདེད་བཏང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་།འཐུང་ཆུའི་ཆུ་འགོའི་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ།ཚོང་ར་ཅན་དང་སྣེ་མང་ཅན་གྱི་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་པ་རེད།