བདེ་ཆེན་གྱི་པར་རྒྱག་མཁས་ཅན་ལི་ཏུང་ཧུང་ལ་ཡུན་ནན་གྱི་སྐབས་དང་པོའི་ས་མཐོའི་མཚེའུ་པར་ལེན་འགྲན་བསྡུར་ཁྲོད་དངུལ་གྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར།ཡུན་ནན་གྱི་སྐབས་དང་པོའི་ས་མཐོའི་མཚེའུ་ཡི་པར་རྒྱག་འགྲན་བསྡུར་ཆེ་མོའི་ལོ་འཁོར་གྱི་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་།བདེ་ཆེན་གྱི་པར་རྒྱག་མཁས་ཅན་ལི་ཏུང་ཧུང་ལ་ཐེངས་འདིའི་འགྲན་བསྡུར་ཆེ་མོའི་ཁྲོད་དངུལ་གྱི་བྱ་དགའ་ཐོབ་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་པར་རྒྱག་འགྲན་བསྡུར་ཆེ་མོར་ཁྱོན་རྩོམ་པ་པོ་749ཡི་བརྩམས་ཆོས་7000ལྷག་ཙམ་འབྱོར་ཞིང་།བདེ་ཆེན་གྱི་པར་རྒྱག་མཁས་ཅན་ལི་ཏུང་ཧུང་གི་འགྲན་ཞུགས་བརྩམས་ཆོས《སེམས་ཀྱི་ཉི་ཟླའི་ས་མཐོའི་མཚེའུ》ཞེས་པའི་པར་རིས་བརྩམས་ཆོས་དེ་བརྩམས་ཆོས་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ་ཨང་གཉིས་པའི་བྱ་དགའ་ཐོབ་པ་རེད།

    ལི་ཏུང་ཧུང་།བོད་རིགས།1963ལོར་སྐྱེས། ཀྲུང་གོ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་བདེ་ཆེན་ཁུལ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས། 1982ལོ་ནས་བཟུང་པར་རྒྱག་གསར་རྩོམ་བྱས་ཏེ་བདེ་ཆེན་གྱི་རི་ཆུ་ཀུན་ཏུ་བསྐྱོད་པ་དང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་དོ་ཁུར་བྱས་ནས། དུས་རབས་ཀྱི་ཉམས་འགྱུར་ཟིན་ཐོར་འགོད་པ་རེད། པར་རྒྱག་བརྩམས་ཆོས་དེ་དག་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཚགས་པར་དང་དུས་དེབ་ཀྱི་དྲ་རྒྱའི་ཐོག་ཡང་ཡང་སྤེལ་ཞིང་།བརྩམས་ཆོས་མང་པོ་ཞིག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་པར་རྒྱག་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཐོབ་ཡོད་པ་རེད། 2012ལོར་ཡུན་ནན་ཞིང་ཆེན་རིག་རྩལ་ཐེབས་རྩའི་བྱས་རྗེས་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། བརྩམས་ཆོས་4《སེམས་ཀྱི་ཉི་ཟླའི》དམིགས་བསལ་སྦྲག་འཛིན་ནང་བདམས་པ། 《དབྱར་དུས་ཀྱི་སེམས་ཀྱི་ཉི་ཟླའི་སྟག་མ་མེ་ཏོག》ཅེས་པ་དེ་ཡུན་ནན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།