བདེ་ཆེན་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་གྲོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་2པའི་ཚེས་21ཉིན་གྱི་ཕྱི་དྲོ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཁུལ་ཨུ་སྙན་ཞུ་ཐིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།

        ཐེངས་འདིའི་ཚོགས་འདུར་ཞུགས་དགོས་པའི་འཐུས་མི་248ཡོད་པ་དང་དངོས་སུ་ཚོགས་འདུར་ཞུགས་མཁན་འཐུས་མི་242ཡོད་པ་དེ་ཁྲིམས་ཀྱིས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

        ཞིང་ཨུའི་སྐབས་བརྗེའི་འདེམས་བསྐོའི་མཛུབ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད།

        ཐེངས་འདིའི་ཚོགས་ཆེན་གྱི་ལས་འཛིན་ཀྲུའུ་ཞི་ནི་ཡུས་ཧྲེང་ཞང་དང་། ཝང་དབྱི་ཀྲི། ཀྲང་ཝེ་ཏུང་། ཕེང་ཧྲན།  མིའོ་ཡིའུ་ཧྥ། ལི་ཅ་ཁུན། ཅི་ཞིང་ཅང་། ཞའོ་ཞུས། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཁྲེན་ཝུན་ཀོང་བཅས་ཡིན།

        ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡུས་ཧྲེང་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། བདེ་ཆེན་ཁུལ་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། བདེ་ཆེན་ཁུལ་གྱི2021ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2022ལོའི་ས་གནས་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད། བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། བདེ་ཆེན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)་དང་གྲོས་ཆོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་པདྨ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲོལ་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

 

ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲིས་མཇུག་འགྲིལ་མཛད་སྒོའི་ཐོག་གསུང་བཤད་གནང་བ།

        ཁོང་གིས་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོའི་ཐུན་མོང་འབད་བརྩོན་འོག་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་དམངས་གཙོ་མཐུན་སྒྲིལ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བའི་ཚོགས་ཆེན་ཞིག་ཡིན་པས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་མཐུན་སྒྲིལ་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་མཛེསསྡུག་དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ནང་ཞུགས་དགོས་ཞེས་བསྟན་པ་རེད།

        ཝང་དབྱི་ཀྲིས་ཚོགས་ཆེན་ཐོག་སྐབས་གསར་པའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་ཁག་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་དང་ཁུལལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་བདམས་ཐོན་བྱུང་བ་དང་། ཁུལ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ལྷན་ཁག་གི་ཁོངས་མིར་གྲོས་འཆམ་བྱུང་བ་རེད། ཝང་དབྱི་ཀྲི་ཡིས་ཁུལ་ཨུའི་ཚབ་ཞུས་ནས་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཚང་མས་སྣེ་ཁྲིད་དེ་གཏན་འཁེལ་གཉིས་ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་བ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱས་ཏེ་སྣེ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་སྣེ་འཁྲིད་དེ་མིག་དཔེ་ལྔ་ལག་ལེན་བསྟར་བའི་བླང་བྱ་ལག་ལེན་བསྟར་ནས་མི་དམངས་བླ་ན་མེད་པ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་ངང་ལས་འགན་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོར་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ་རེད།

        ཝང་དབྱི་ཀྲིས2021ལོར་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཀྱི་མདུན་དུ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་བ། ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་འཚོགས་པ། དོན་ཆེན་བཞི་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་དང་། འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོ། གཞི་རིམ་དམ་འཛིན་བཅས་ཀྱི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་པས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ལེགས་ཕྱོགས་སུ་འཕེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བ། ཏང་གི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་ཞེས་ནན་བཤད་གནང་བ་རེད།

        ཝང་དབྱི་ཀྲིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ལོ་ཞིག་ཡིན་པས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་བདེ་ཆེན་ལ་བརྟག་ཞིབ་གནང་བ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་སོགས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གྲུབ་འབྲས་ཕུལ་དུ་བྱུང་བར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

ཝང་དབྱི་ཀྲིས་ནན་བཤད་བྱས་དོན།

        ཝང་དབྱི་ཀྲིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་པར་ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་དགོས། “ཨང་དང་པོ་ལྔའི”ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཞིང་ཨུའི“གཤམ་སྤྲོད་གསུམ”གྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མིག་དཔེ་བལྟས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།བློ་བརྟན་འགྱུར་མེད་ངང་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པ་སོགས་ཆབ་སྲིད་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་སྐད་ཆ་ཤོད་ཕོད་པ་དང་རལ་གྲི་འཕྱར་ཕོད་པ་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། 

        ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་ངེས་པར་དུ་“དེ་རིང་ཕྱི་ཡང་སྔ་།སང་ཉིན་སྔ་ཡང་ཕྱི་”ཞེས་པའི་ལས་ཆོད་འདུ་ཤེས་ལག་བསྟར་ནན་ཏན་བྱས་ཏེ་ཏང་གིས་ཁྱོན་ཡོངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཟླ་རེར་བཀོད་གཏོང་རེར་དང་།ཟླ་རེར་བརྗོད་གཞི་རེ།ཟླ་རེར་བཀོད་སྒྲིག་རེ”བཅས་ཀྱི་ལམ་སྲོལ་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་ཏང་གིས་ཁྱོན་ཡོངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་དང་བདེ་འཇགས་སྔར་བས་སྤྱི་འདོམས་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ།ཡུན་ནན་ཞིང་ཨུའི་བོད་འབྲེལ་ ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན།ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་བདེ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས“ངེས་པར་དུ་བཀོད་གཏོང་གསུམ”ཐུབ་པ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་གྱི་མཇུག་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྤྱིར་བཏང་གི་གནད་དོན་དུས་ཐོག་ཏུ་གཙང་སེལ་དང་།གནད་ཆེའི་གནད་དོན་གཅིག་བསྡུས་ཀྱིས་འགག་སྒྲོལ།ལུས་བསྡད་པའི་གནད་དོན་རེ་རེ་བཞིན་མེད་པར་བཟོ་བ་བཅས་བྱ་དགོས།

        ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་ངེས་པར་དུ་“རྒྱལ་ཁབ་ཀྱི་ལས་དོན་ནི་དོན་ཆེན་ནང་གི་དོན་ཆེན་ཡིན་པ་“ཁོང་དུ་ཆུད་པ་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་རྩེ་གཅིག་ཏུ་དམིགས་ཏེ་བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་བརྗོད་བྱ་གཙོ་བོ་དང་གཙོ་གནད་དེ་སྐོང་ཚོགས་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་ཁོངས་ཧྲིལ་པོ་གཏོད་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

        ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་ངེས་པར་དུ་ཞིང་ཆེན་ཨུ་ལྷན་གྱི“དུས་ཚིགས་རེར་ལས་འགོ་རེ་འཛུགས་པའི”ལས་འགན་བླང་བྱར་དམ་པོར་དམིགས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས། “ཁུལ་ཨུའི་ཟླ་རེར་བཀོད་གཏོང་རེ”ཡི་ལས་དོན་གྱི་རྨང་གཞིའི་ཐོག་“སྡེ་ཚན་གྱིས་གཟའ་འཁོར་རེར་ལེགས་སྒྲིག་རེ་དང་།ལས་བགོས་འགན་བཅོལ་གྱིས་ཉིན་བཅུ་རེར་སྐུལ་འདེད་རེ།སྲིད་གཞུང་གིས་ཟླ་རེར་ཞིབ་འཇུག་རེ”བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་ནས་འཁོར་སྐྱོད་བྱེད་དགོས། གནས་ཐིག་གཏན་འཁེལ་བྱེད་ཕྱོགས་གནད་འཁེལ་འཚོལ་ཞིབ་དང་།ས་གནས་ཀྱི་ཁྱད་ཆོས་འབུར་ཐོན།སེམས་ཤུགས་གཅིག་བསྡུས་ཀྱིས་ཁྱད་ཆོས་དང་བཟང་ཆ་ལྡན་པའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས། དར་ཆ་གསལ་སྟོན་གྱིས་ཚོང་འགུགས་མ་འདྲེན་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་བཏང་སྟེ་ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས།

        ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་ངེས་པར་དུ་སྔ་བར་ཕྱི་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གང་ཐུབ་བྱ་དགོས། སྣོད་བཅུད་དམར་ཐིག་ནན་སྲུང་བྱས་ཏེ་སྣོད་བཅུད་ཤེས་དཔལ་དཔེ་སྟོན་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་ནས“དགུང་སྔོན་དང་།དྭངས་ཤིང་གཙང་པ།ས་གཙང།སྔོ་ལྗང་།”བཅས་ཀྱི་སྲུང་སྐྱོབ་དམག་འཐབ་དང་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཁག་གཅིག་ཚད་གཞི་མཐོ་པོས་ཡག་པོ་རྒྱག་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་དམ་འཛིན་ཡག་པོ་བྱས་ནས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་བཅོས་སྒྲིག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། ཆུ་(མཚེའུ)དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།

        ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱེད་པར་བསུ་བ་ཞུ་བར་ངེས་པར་དུ་“ལོ་རེར་གོམ་རེ་སྤོ་བ་དང་།ལོ་གསུམ་ནང་གོམ་པ་ཆེན་པོ་གཅིག་སྤོས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་”ཞེས་པའི་དམིགས་འབེན་དང་བླང་བྱར་རྩེ་གཅིག་ཏུ་དམིགས་ནས་ཏང་གི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་སེམས་འགུལ་ཐེབས་སུ་འཇུག་པ་དང་།རྩ་འཛུགས་མ་ལག་གིས་དམ་ཟབ་ཏུ་འཛུགས་པ།དཔུང་ཁག་གི་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་བ།སྔོན་ཐོན་དཔེ་བཟང་གི་དཔེ་སྟོན་དང་སྣེ་ཁྲིད།བློ་རིག་དང་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ།གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་གཅིག་སྡུད་དར་རྒྱས།ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་དཔེ་བཟང་མིག་དཔེ།སྡེ་ཁུལ་ཏང་འཛུགས་སྐྱོང་གི་ཞབས་ཞུ་དང་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཆེན་པོ་9ལག་བསྟར་གཏིང་ཟབ་བྱེད་དགོས། “ཀླད་པར་དོ་དམ་བྱེད་པའི”ལས་དོན་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བ་བྱེད་དགོས། ནན་པོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་དགོས།

        ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་ངེས་པར་དུ་གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྤྱོད་ཚུལ་གསར་བརྗེ་དང་ཕྱོད་ནུས་གསར་བརྗེར་སྐུལ་འདེད་གཏོང་དགོས། “མིག་དཔེ་བྱ་དགོས་པ་ལྔ་”ཡི་བླང་བྱ་ལྟར་སྲིད་ཇུས་ལ་ཞིབ་འཇུག་དང་ཁོང་དུ་ཆུད་པར་བྱེད་པ་དང་།“ལས་ཀའི་བྱེད་ཐབས་གསུམ་”དོན་འཁྱོལ་བྱེད་པ།ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ།སེམས་ཤུགས་གཅིག་ཏུ་འདོན་པ་བཅས་བྱས་ཏེ།ལས་ཀར་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་ལ་དངོས་གནས་སྤྱོད་དགོས།

        ཝང་དབྱི་ཀྲི་ཡིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་ཏང་གི་འགོ་ཁྲིད་པའི་ལས་དོན་ཆེན་པོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་དེ་བས་ལེགས་པའི་སྒོ་ནས་སྤྱོད་པ་དང་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཧུར་བརྩོན་ཆེན་པོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ།ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ།ཆབ་སྲིད་ལས་ཁུངས་དང་།རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས།ལས་སྒྲུབ་ལས་ཁུངས།འཐུས་མིའི་ལས་ཁུངས་བཅས་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྲིད་གཞུང་དང་།ལྟ་ཞིབ་ཨུ་ལྷན།ཁྲིམས་ཁང་།ཞིབ་དཔྱོད་ཁང་བཅས་ཀྱིས་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་དབང་ཆ་ཡང་དག་སྤྱོད་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད། 

གསར་དུ་བདམས་ཐོན་བྱུང་བའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུས་ཧྲེང་ཞང་གིས་གསུང་བཤད་གནང་སྐབས། 

        ཚོགས་ཆེན་ཐོག་སྐབས་གསར་པའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་ཁག་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བདམས་ཐོན་བྱུང་བ་དང་། ང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་འདེམས་བསྐོ་བྱས་པ་འདི་ནི་འཐུས་མི་ཚོའི་ཡིད་ཆེས་དང་རྒྱབ་སྐྱོར་ཡིན་ལ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངག་བཅོལ་གལ་ཆེན་ཡང་ཡིན། མིག་སྔར་ང་ཚོ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ལམ་བུ་གསར་པའི་ཕྱོགས་སུ་གོམ་པ་སྤོས་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཐོག་རང་ཁུལ་གྱི་མ་འོངས་པ་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཕྱོགས་བསྡུས་ཨང་རྟགས་སླར་ཡང་བསྒྲགས་པ་རེད། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལ་དམ་པོར་དམིགས་ནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་སྤེལ་ཏེ་རང་རྟོགས་ངང་མིག་དཔེ་ལྔ་ཡི་བླང་བྱར་དམིགས་པ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་གཏན་འཁེལ་གཉིས་ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུ་བ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་རྒྱ་ཡོད་པ་དང་། ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་པ། ཞིང་ཆེན་ཨུ་ལྷན་ལ་བཀོད་སྒྲིག་ཡོད་པ། ཁུལ་ཨུ་ལྷན་ལ་བླང་བྱ་ཡོད་པ་བཅས་མཐའ་གཅིག་ཏུ་བྱེད་ཐུབ་དགོས་ན། ང་ཚོས་བྱ་སྤྱོད་མཐོང་ཐུབ་པ་དང་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ཁྱབ་པ་བྱས་ནས་དགོངས་སྐོར་སྙན་ཞུར་ཤུགས་སྣོན་རྒྱག་པ་དང་འབྲེལ་ཁུལ་ཨུའི་བླང་བྱ་གཞིར་བཟུང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་ལ་དམིགས་ནས་ཁུལ་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཁག་ལ་དམིགས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཕན་འབྲས་དངོས་ཐོབ་པར་བྱ་དགོས། དམངས་དོན་དུ་དངོས་གཉེར་སྤྱོད་གཙང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འཚོལ་ཞིབ་པ་དང་ལག་ལེན་པ་བྱེད་པར་བརྩོན་ལེན་བྱ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་དང་རང་ཁུལ་གྱི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རང་གཅུན་ནན་པོ་དང་སྲིད་དོན་གཙང་སྐྱོང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ལ་བརྟེན་ནས་ཐོག་མའི་བསམ་འདུན་གསལ་འགྲེལ་དང་འགན་འཁྲི་ལག་ལེན་བསྟར་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་གལ་ཆེན་ལ་དྲིན་ལན་འཇལ་བ་བཅས་བྱ་དགོས།

གསར་དུ་བདམས་ཐོན་བྱུང་བའི་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཝེ་ཏུང་གིས་གསུང་བཤད་གནང་སྐབས། 

        ཐེངས་འདིའི་ཚོགས་ཆེན་ཐོག་སྐབས་གསར་བའི་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཚན་པ་བདམས་ཐོན་བྱུང་། ང་རང་ཁུལ་དཔོན་དུ་བདམས། འདི་ནི་རྩ་འཛུགས་ཀྱི་ཐུགས་ཁུར་དང་གསོ་སྐྱོང་ཡིན། འདེམས་ཤོག་རེ་རེ་ནི་འཐུས་མི་རྣམ་པ་ཚོས་ང་ལ་བཅངས་པའི་ཡིད་ཆེས་དང་རྒྱབ་སྐྱོར་ཡིན་ལ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་དང་མངག་བཅོལ་གལ་ཆེན་ཕྲག་ཏུ་བབ་ཡོད། ལག་ནང་གི་རྒྱུག་མཐུད་དབྱུག་པ་འདིའི་ཐོག་ཏུ་སྐབས་གསར་པའི་སྲིད་གཞུང་ཚན་ཁག་གི་གསར་འབྱེད་གསར་གཏོད་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྐོས་ཡོད་པ་དང་།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་ཇུས་འགོད་ཞིབ་ཚགས་བྱས་པའི་བརྗིད་ཆེའི་འཆར་གཞི་ལྟར་རྒྱུག་མཐུད་དབྱུག་པ་ནི་ སྐབས་གསར་པའི་སྲིད་གཞུང་གི་ཚན་ཁག་ལ་ལྕག་སྐུལ་བྱས་ཏེ་མཛེས་སྡུག་ལྡན་པའི་རི་མོ་མུ་མཐུད་འབྲི་དགོས་པའི་ལྕག་སྐུལ་བྱས་ཡོད་ཞེས་བཤད་པ་རེད།

        གཅིག་ནས་ཏང་གི་ཆབ་སྲིད་ལེགས་སྐྱོང་ཨང་དང་པོར་འཇོག་དགོས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་སྲུང་འཛིན་བྱས་པ་དང་། “གཏན་འཁེལ་གཉིས་”ཀྱི་བློ་དཀར་སྲུང་སྐྱོབ་པ་དང་“སྲུང་སྐྱོབ་གཉིས་”ཀྱི་དཔེ་བཟང་ལག་ལེན་པ་ཡག་པོ་མཐའ་གཅིག་ཏུ་བྱ་དགོས། “ལྟེ་བར་བརྩི་བཀུར་དང་།སེམས་པ་པེ་ཅིང་ལ་ཕྱོགས་པ་”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་མུ་མཐུད་ཟབ་སྤེལ་བྱས་ནས།རང་རྟོགས་ཀྱིས་ཚན་པའི་མཐུན་སྒྲིལ་སྲུང་སྐྱོང་དང་།ཆབ་སྲིད་ཐོག་ནས་ཇུས་འགོད་དང་།བཀོད་སྒྲིགསྐུལ་འདེད་བཅས་བྱེད་མཁས་པོ་དང་།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་འཐབ་ཇུས་ ལག་བསྟར་དོན་འཁྱོལ་བྱེད་པ།ཞིང་ཆེན་ཨུ་ལྷན་དང་།ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པ།བརྟན་ལྷིང་དང་།གོང་འཕེལ།སྣོད་བཅུད།མཐའ་མཚམས་བརྟན་འཇགས་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ནན་ཏན་བྱེད་པ།གཅོག་འཕྲི་མི་བྱེད་པ་དང་།བབ་བསྟུན་མི་བྱེད་པ།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་གསལ་བཤད་བྱེད་པ་བཅས་བྱས་ཏེ་སྲིད་གཞུང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

        གཉིས་ནས་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་འཇོག་དགོས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་སེར་གྱི་བདེ་སྡུག་སེམས་སུ་བཞག་ནས་རྟག་ཏུ་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་དམངས་ཀྱི་འདོད་བློར་ཉན་པ་དང་།དམངས་ཀྱི་གནས་ཚུལ་ཤེས་རྟོགས།སྲིད་དོན་དམངས་ལ་འདྲི་བ།མཁོ་དགོས་འདྲི་བ།བྱ་བ་གང་ཞིག་སྒྲུབ་པ་བཅས་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་བྱ་བ་ཡག་པོ་བསྒྲུབ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཡོད། དམངས་ཕན་འདུ་འགོད་ཁག་གཅིག་ལ་གཅིག་སྡུད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ཡག་པོ་བསྒྲུབས་ནས་སེམས་ནུས་ཡོད་རྒུས་སློབ་གསོ་དང་།སྨན་བཅོས།སྤྱི་ཚོགས་འགན་བཅོལ།སྡོད་ཁང་།རྒན་གསོ།བུ་བཅོལ་སོགས་མང་ཚོགས་ཀྱི“ཉེན་ཆེའི་དཀའ་ངལ་དང་རེ་འདུན”གྱི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ལ་འགྱུར་ལྡོག་ཟམ་མི་ཆད་པར་མཐོང་ཐུབ་པ་དང་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས། ཁྲོམ་རའི་གཙོ་གཟུགས་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་བྱས་ནས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་སྔར་བས་དོ་ཁུར་བྱས་ཏེ་རྟག་ཏུ་ཁེ་ལས་ནང་ཟབ་འཇུག་གིས་ཁེ་ལས་ཀྱི་དཀའ་ངལ་ཤེས་རྟོགས་དང་།སྲིད་ཇུས་ཞིབ་འཇུག་དང་ཁེ་ལས་ཀྱི་དཀའ་སེལ་སྲིད་ཇུས་གང་ལེགས་སྤྱོད་པ།ཁེ་ལས་ལ་བྱ་དགའ་དང་ཁ་གསབ་མ་དངུལ་འདང་ངེས་སྤྱོད་ཐུབ་པ་བཅས་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་ཁེ་ལས་དང་མཉམ་དུ་དཀའ་གནད་སེལ་དགོས། ད་དུང་ཁེ་ལས་ལ་ཐབས་ཇུས་འདོན་པ་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཁེ་ལས་མང་དུ་གཏོང་བ།སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། དམངས་ཕྱུག་གི་ཐབས་ཇུས་མང་ཙམ་དོན་གཉེར་དང་།དམངས་ཕྱུག་གི་བྱེད་ཐབས་མང་ཙམ་སྤྱོད་པ།དམངས་འཚོའི་དཀའ་ངལ་མང་ཙམ་སེལ་བ་བཅས་བྱས་ཏེ་དམངས་འཚོར་སྔར་བས་སྤུས་ཚད་ཀྱི་འདུ་ཤེས་ལྡན་པ་དང་འཕེལ་རྒྱས་ལ་སྔར་བས་“དྲོད་ཚད་”ལྡན་པར་བྱེད་དགོས།

        གསུམ་ནས་སྲིད་གཞུང་གི་སྤྱོད་ཚུལ་བསྒྱུར་བ་ལག་ཏུ་འཛིན་དགོས། སྲིད་གཞུང་གི་འགོ་ཁྲིད་ཚན་པས་རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་དང་།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ།ཚོགས་འདུ་ཉུང་ཙམ་དང་ཚོགས་འདུ་ཐུང་ངུ་འཚོག་པ།གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ།ལས་བྱེད་པར་སེམས་ནུས་བཏོན་ནས་བྱ་གཞག་སྒྲུབ་པ་དང་སྲིད་གཞུང་གི་སྤྱོད་ཚུལ་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་ལ་གུས་ཤིང་སྐྲག་པ་དང་།མི་དམངས་ལ་གུས་ཤིང་སྐྲག་པ།བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་གུས་ཤིང་སྐྲག་པ་བཅས་བྱས་ནས་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་ཏན་ཞུས་ཏེ་ལག་ཏུ་སྤྱི་པའི་ཡོ་བྱད་བཟུང་ནས་ཁྲིམས་ཀྱི་ཚད་གཞི་འཛིན་པ་དང་།དབང་ཆ་དྲང་གཞག་སྤྱོད་པ།སྒེར་དོན་མི་སྒྲུབ་པ།རང་གཅུན་ནན་པོ་དང་སྤྱོད་གཙང་ཁྱིམ་གཅེས།དུས་དང་རྣམ་པ་ཀུན་ཏུ་རང་བརྟག་རང་ཟོན་རང་གཅུན་བཅས་བྱེད་ཐུབ་པར་བྱ་རྒྱུ་ཡིན།

        ཚོགས་འདུ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཁྲོད་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།