སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་2པའི་ཚེས་20ཉིན་གྱི་ཕྱི་དྲོ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཁུལ་ཨུ་སྙན་ཞུ་ཚོམས་ཆེན་དུ་རྒྱལ་ཁའི་ངང་གྲོལ་བ་རེད།   གྲོས་ཚོགས་ཐོག་བཏོན་དོན།   བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་ཡོད།   


     མཇུག་འགྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ལ་མིའོ་ཡིའུ་ཧྥ་དང་།  ཧྲེ་ཁྲུན་མིང་།  ཤར་རྩེ་བསྟན་འཛིན་ཆོས་འཕེལ།  ཁྲེན་ཅུན་མིང་། སྐལ་བཟང་རྣམ་རྒྱལ།  དབྱང་ཅི་ཝུན།  ཕན་ཞུའེ་དབྱིང་།  ཧོ་ཞུའེ་ཐའོ་བཅས་ཡོད།   མིའོ་ཡིའུ་ཧྥ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཝང་དབྱི་ཀྲི་དང་ཀྲང་ཝེ་ཏུང་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།   

     ཞིང་ཨུའི་སྐབས་བརྗེའི་འདེམ་བསྐོའི་སློབ་སྟོན་ཚོ་ཆུང་གི་མི་སྣ་ཚོགས་འདུར་ཞུགས་ཡོད། 

     ཐེངས་འདིའི་གྲོས་ཚོགས་ཐོག་ཨུ་ཡོན་225ཕེབས་འོས་པ་དང་།  དངོས་སུ་ཨུ་ཡོན་214འབྱོར་ཡོད་པ་དེ་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་པ་རེད།   

      ཚོགས་འདུའི་ཐོག་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》དང་།《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་་སྙན་ཞུ》《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཆབ་སྲིད་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་བ་རེད།  


   

  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་མཇུག་འགྲིལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།   ཁོང་གིས་ད་ཐེངས་ཀྱི་ཚོགས་འདུ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་དང་སྔ་འཛིན་ཕྱི་གཏོད་དང་གཅིག་རྗེས་གཉིས་མཐུད་ངང་མདུན་སྐྱོད་བྱེད་པའི་ཚོགས་ཆེན་ཞིག་རེད།   ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ནང་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་གདེང་འཇོག་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་བ་དང་།  སླད་ཕྱིན་ལོ་ལྔའི་རིང་སྲིད་གྲོས་ཀྱི་ལས་དོན་ལ་རེ་བ་ནན་པོ་དང་བླང་བྱ་གསལ་པོ་བཏོན་གནང་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་།  ལག་བསྟར་གཏིང་ཟབ།  དོན་འཁྱོལ་དམ་འཛིན་ཡག་པོ་བཅས་བྱེད་དགོས་ཞེས་གསུངས་པ་རེད།   


       མིའོ་ཡིའུ་ཧྥ་ཡིས་ད་ཐེངས་ཀྱི་ཚོགས་ཆེན་ཐོག་སྲིད་གྲོས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་འགག་རྩའི་ལྷུ་ཚིགས་སུ་སྲིད་གྲོས་ཀྱི་ལས་དོན་དང་ལེན་བྱས་ནས།   སྲིད་གྲོས་སྐབས་གསར་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་བ་དང་།  སྲིད་གྲོས་སྐབས་རིམ་བྱུང་གིས་བཏིང་བའི་རྨང་གཞི་བརྟན་པོའི་ཐོག་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རང་འགན་ནན་སྒྲུབ་ཀྱིས་འགན་འཁྲི་གསལ་བཤད་དང་།  རྒྱུན་མཐུད་འབད་འཐབ་ལ་བརྟེན་ནས་ཨ་ལན་སློག་རྒྱུའི་རེ་བ་ཞུས་ཏེ་རང་ཁུལ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།   

      མིའོ་ཡིའུ་ཧྥ་ཡིས་བསྟན་དོན།  ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པ་ནས་བཟུང་ཨུ་ཡོན་ཡོངས་ཀྱིས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་།  བྱས་རྗེས་འཇོག་ཕོད་པ།  གསར་གཏོད་བྱེད་ཕོད་པ།  ལག་ལེན་ཕུན་སུམ་ཚོགས་པོ་བཅས་བྱས་པས་སྲིད་གྲོས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་།  ཆུ་ཚད་གསར་པ་མཐོ་རུ་ཕྱིན་པ།  རྣམ་པ་གསར་པ་གཏོད་པ་བཅས་བྱུང་ཞིང་།  ཞིང་ཆེན་སྲིད་གྲོས་སུ་ཉམས་མྱོང་སྤེལ་རེས་ཐེངས་མང་བྱས་པ་དང་།  སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ནས་ང་ཚོའི་སྲིད་གྲོས་སྐབས་གསར་པའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་བ་དང་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད།    

 

   མིའོ་ཡིའུ་ཧྥ་ཡིས་སླད་ཕྱིན་གྱི་ལོ་ལྔ་ནི་བདེ་ཆེན་ཁུལ་གྱིས་དུས་མཚམས་གསར་པར་འཚམ་པ་དང་གོ་སྐབས་གསར་པ་དམ་འཛིན་བྱས་ནས་འཕེལ་རྒྱས་གསར་པ་ཡོང་བ་དང་རྣམ་པ་གསར་པ་མངོན་པ་བྱེད་པའི་འགག་རྩའི་ལོ་ལྔ་ཡིན།   སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཀྱིས་རང་འགན་གཙང་སྒྲུབ་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་གྲབས་ཡོད་པས།  ཨུ་ཡོན་རྣམ་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་སྲིད་གྲོས་ཀྱི་ཐོག་མའི་བསམ་གཞི་ལག་ལེན་བསྟར་དགོས།   འགན་ནུས་དང་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྲིད་གྲོས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་།   ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་བླ་ན་མེད་པའི་སྲིད་གྲོས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ།   རྒྱ་ཁྱབ་དང་གཏིང་ཟབ་ཀྱི་སྒོ་ནས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་སྲིད་གྲོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུ་དགོས།   བྱས་རྗེས་བཟང་ཤོས་འཇོག་རྒྱུར་འབད་འབུངས་བྱས་ནས་འགན་འཁྲི་ཏན་ཏིག་འཁུར་བའི་སྲིད་གྲོས་ཀྱི་གཟུགས་བརྙན་གཏོད་དགོས་པ་དང་།  ལས་ཀའི་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།  སྤྱོད་ཚུལ་ནན་པོས་ལེགས་སུ་གཏོང་དགོས་པ་དང་།  སྤྲོ་སེམས་བཅངས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ནས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པར་བསྟན།   

     ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བློ་མཐུན།   བདེ་ཆེན་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་བློ་མཐུན།ཁུལ་སྲིད་གྲོས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་འགོ་ཁྲིད་རྒན་གྲས། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན།ཁུལ་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་ཚན་པའི་འགན་འཁུར་བློ་མཐུན།  ཞིང་ཆེན་ཁུལ་བཅའ་སྡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་མཇུག་འགྲིལ་ཚོགས་འདུར་ཕེབས་ཡོད་པ་རེད།   

      ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད།