རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-19   རྩོམ་ཁུངས།    མི་དམངས་དྲ་བ།
ཡུམ་བུ་བླ་སྒང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེ་ཐང་གྲོང་རྡལ་ཤར་ལྷོ་ཕྱོགས་ཀྱི་རི་བོ་བཀྲ་ཤིས་ཚེ་རིང་སྟེང་དུ་གནས་པ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ནང་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པར་བསྐྲུན་པ་དང་། 1962ལོར་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་ཡོད། ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་སྡེ་ཁག་གིས་རྙིང་བ་ཞིག་གསོ་བྱེད་པའི་རྩ་དོན་གཞིར་བཟུང་བོད་ཀྱི་ཕོ་བྲང་དང་པོ་ཡུམ་བུ་བླ་སྒང་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་ཞིག་གསོ་བྱས་པས་དེ་སྔའི་ཕོ་བྲང་གི་བརྗིད་ཉམས་སླར་ཡང་མངོན་ཡོད།