བདེ་ཆེན་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་ཚོཊ་འདུ་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།


 ཟླ་2པའི་ཚེས་18ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་རེད། 

     ཚོགས་འདུར་ཕེབས་འོས་པའི་འཐུས་མི་248ཡོད་པ་དང་དངོས་སུ་ཕེབས་པའི་འཐུས་མི་242ཡོད་པ་དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།    

   ཐེངས་འདིའི་ཚོགས་ཆེན་གྱི་ལས་འཛིན་ཀྲུའུ་ཞིའི་འགན་ཁུར་མཁན་གྱི་གྲས་སུ་ཡུས་ཧྲེང་ཞང་དང་།  ཝང་དབྱི་ཀྲི། ཀྲང་ཝེ་ཏུང་།  ཕེང་ཧྲན།  ལི་ཡན་ལན། ལི་ཅ་ཁུན།  ཞུས་ཕེང་ཧྲེང་།  ཁུང་ཝེ་ཧྭ། ཅི་ཞིན་ཅང་།  ཞའོ་ཞུས།  དབྱང་ཅན་ཧྭ། ཁྲེན་ཝུན་ཀོང་བཅས་ཡོད།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཡུས་ཧྲེང་ཞང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།   


    ཐེངས་འདིའི་ཚོགས་ཆེན་གྱི་ལས་འཛིན་ཀྲུའུ་ཞིའི་འགན་ཁུར་མཁན་གྱི་གྲས་སུ་ཡུས་ཧྲེང་ཞང་དང་།  ཝང་དབྱི་ཀྲི། ཀྲང་ཝེ་ཏུང་།  ཕེང་ཧྲན།  ལི་ཡན་ལན། ལི་ཅ་ཁུན།  ཞུས་ཕེང་ཧྲེང་།  ཁུང་ཝེ་ཧྭ། ཅི་ཞིན་ཅང་།  ཞའོ་ཞུས།  དབྱང་ཅན་ཧྭ། ཁྲེན་ཝུན་ཀོང་བཅས་ཡོད།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཡུས་ཧྲེང་ཞང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།   

    ཞིང་ཆེན་ཏང་ཨུའི་སྐབས་བརྗེའི་འདེམ་བསྐོའི་སློབ་སྟོན་ཚོ་ཆུང་གི་ཙུའུ་ཀྲང་ལུའུ་པིན་ཚོགས་འདུར་མཛུབ་སྟོན་གནང་བར་ཕེབས་ཡོད། 



     སྔ་དྲོའི་ཆུ་ཚོད་9པར་ཚོགས་ཆེན་དངོས་སུ་འགོ་ཚུགས་ཤིང་། མི་སྣ་ཡོངས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།   

ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ《སྲིད་གཞུང་ལས་ཀའི་སྙན་ཞུ》ཕུལ།


      སྙན་ཞུའི་ནང་འདས་མ་ཐག་པའི་2021ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་འགོ་ཚུགས་པའི་ལོ་ཡིན་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་འགོ་འཛུགས་པའི་ལོ་ཞིག་ཀྱང་ཡིན།   ལོ་གཅིག་རིང་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་སྟངས་འཛིན་ནན་པོ་བྱས་ནས་བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།   

     སྙན་ཞུའི་ནང་འདས་པའི་ལོ་ལྔའི་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ།  ཞིང་ཆེན་སྲིད་གཞུང་བཅས་དང་དེ་བཞིན་ཁུལ་ཨུའི་འགོ་ཁྲིད་སྟོབས་ལྡན་འོགཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བཅག་ནས་བརྟན་ལྷིང་དང་།  འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བཅས་བརྟན་དུ་གཏོང་བའི་དོན་ཆེན་བཞི་དམ་པོར་བཟུང་སྟེ་བརྟན་པོའི་ངང་རྒྱུན་འཁྱོངས་དང་།  འགག་སྒྲོལ་དཀའ་སེལ།  དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལེགས་ཙམ་ལེགས་སྒྲུབ་བྱས་ཡོད་ཅེས་བསྟན་ཡོད།  

       སྙན་སྒྲོན་ནང་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལམ་བུའི་ཐོག་ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་བདེ་ཆེན་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན་པའི་དོན་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲིད་གཞུང་གི་ལས་ཀའི་སྤྱིའི་ནང་དོན་དུ་བརྩི་དགོས།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་བདེ་ཆེན་ཁུལ་གྱི་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཏུ་བརྩིས་ནས་མཐའ་མཚམས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་འགག་རྩར་བརྩིས་ནས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མཐའ་མཚམས་བརྟན་པོ་ཡོང་ཆེད་བདེ་ཆེན་ལེགས་སྐྱེས་འབུལ་དགོས་ཞེས།   


     སྙན་ཞུའི་ནང་སླད་ཕྱིན་ལོ་ལྔའི་རིང་གི་སྲིད་གཞུང་ལས་དོན་གྱི་སྤྱིའི་བསམ་གཞི་ནི།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།   ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་།  ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ། ཞིང་ཆེན་ཨུ་ལྷན་གྱི་བོད་འབྲེལ་ལས་དོན་ཚོགས་འདུ་ཐེངས་གསུམ་པ། ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ། ཞིང་ཆེན་གྱི་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་ས་གནས་ས་ཐོག་གི་གཞུང་ལས་ཚོགས་འདུ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་བཅས་དོན་འཁྱོལ་གཏིང་ཟབ་བྱས་ནས།   ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་།   ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ།   བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ།   ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་མ་ལག་ཏུ་འདྲེས་པར་བྱ་རྒྱུ་ཁ་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས།   མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་གནད་དུ་འཛིན་པ།   བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ།   མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་པ།   བརྟན་ལྷིང་དང་འཕེལ་རྒྱས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས།   རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས།   བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་ཡག་པོ་བསྒྲུབས་ཏེ་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པ།  མཐུན་སྒྲིལ་ཕྱུག་འགྱུར་དང་།  དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དུས་རབས་གསར་པའི་བདེ་ཆེན་གསར་པ་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས།   

      སྙན་ཞུའི་ནང་2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་ལོ་ཡིན་པས། ང་ཚོས་དངོས་གཉེར་སྤྱོད་ཚུལ་དར་སྤེལ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པར་བསྟན་ཡོད། 


     སྙན་ཞུའི་ནང་སླད་ཕྱིན་འབད་འཐབ་བྱ་རྒྱུའི་དམིགས་འབེན་གཙོ་བོ་ནི།   སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཤུགས་ཆེན་བྱས་ཏེ།   དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་རྒྱུར་ཤུགས་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་པ། གཙོ་ཁྲིད་ཐོན་ལས་ཆེན་པོ་བཞི་གཙོ་གནད་དུ་བྱེད་པའི་དེང་རབས་ཀྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱལ་ཡོངས་ཀྱི་བོད་རིགས་དང་ཁུལ་དང་འབྲེལ་བ་ཡོད་པའི་ཁྲོད་མདུན་གྲལ་དུ་སླེབས་པའི་བསམ་འཆར་བཏོན་ཡོད།  སྙན་ཞུའི་ནང་2022ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི།  ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་6%ཙམ་འཕར་བ་དང་།  གཏན་འཇགས་རྒྱུ་ནོར་ལ་མ་འཇོག་6%ཙམ་འཕར་བ།  སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་3%ཙམ་འཕར་བ།  སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་5%ཙམ་འཕར་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7%ཙམ་འཕར་བ། རྩིས་གཞིའི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཟད་གྲོན་ཞིང་ཆེན་གྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་དགོས་པའི་བསམ་འཆར་བཏོན་ཡོད།    

     སྙན་ཞུའི་ནང་2022ལོར་གཤམ་གྱི་ཕྱོགས་བརྒྱད་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། དུས་བདེའི་བདེ་ཆེན་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ།  དམངས་འཚོའི་བདེ་སྐྱིད་འགན་ལེན་ལ་དམ་འཛིན་ཡག་པོ་བྱེད་པ། ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་དམ་འཛིན་ཡག་པོ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱེད་པ།  སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་ལ་དམ་འཛིན་ཡག་པོ་བྱེད་པ། ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱེད་དགོས་པར་བསྟན་ཡོད།  སྙན་ཞུའི་ནང་སྐབས་གསར་པའི་སྲིད་གཞུང་གིས་འབད་འབུངས་ཡར་བརྩོན་བྱས་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་བཏང་སྟེ་རིམ་ཁག་སྡེ་ཚན་ཁག་གིས་ཐོག་མའི་བསམ་འདུན་གྱི་ལས་འགན་རང་རྟོགས་ངང་ལག་བསྟར་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།  ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་ཞིག་ཧུར་ཐག་བསྐྲུན་དགོས་ཞེས་བཏོན་ཡོད།   


     ཚོགས་འདུའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་ཐོག་ཡིག་ཐོག་ནས་འཐུས་མི་རྣམས་ལ་བདེ་ཆེན་ཁུལ་གྱི་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ།  བདེ་ཆེན་ཁུལ་གྱི་2021ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2022ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་བྱེད་པའི་རེ་འདུན་ཞུས་ཡོད།   

      ཚོགས་ཆེན་ཐོག་བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས་དང་བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་གྲོས་འཆམ་བྱས་ནས་བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མིའི་འོས་མི་གྲོས་འཆམ་བྱུང་པ་རེད།        

   ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་གྲས་སུ་ད་དུང་མེའོ་ཡིའུ་ཧྥ་དང་།  དབྱང་ཙི་ཅང་། སྐལ་བཟང་རྣམ་རྒྱལ།  ཁྲེན་ཆུན།  ཧ་ཡུས་ཧྥེང་། ཡེ་རུང་།  ཁྲེན་ཅུན་མིང་།  ཡུས་ཀུའེ་ཧྥེན།  ཚའེ་ཝུའུ་ཁྲེང་།  དབྱང་ཀྲེང་། ཧོ་ལི་ཕིང་།  ལི་ཆིང་ཕེ།  ལེའོ་ཝུན་ཚའེ། ཀྲང་ཁྲའོ་ཡན།  སྐལ་བཟང་རྣམ་རྒྱལ།  ཀྲང་ཡུས། ཀྲའོ་ཁྲེང་ཝུའུ།  ཧུའུ་ཧུང་ཆོན།  ཞུས་ཀོང་ཏེ། ལིན་ཧའོ་སོགས་ཡོད།   




     ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཟུར་ཞུགས་མི་སྣ་དང་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཨུ་ཡོན་སོགས་ཚོགས་འདུར་ཟུར་ཞུགས་གནང་ཡོད།