​པར་རིས་མཛེས་བཟོ་མཉེན་ཆསSnapseedངོ་སྤྲོད།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

   Snapseedནི་རྒྱུན་སྤྱོད་འདྲ་པར་མཛེས་བཟོ་བྱེད་ཆོག་པའི་མཉེན་ཆས་ཤིག་ཡིན་ཞིང་།  བྱེད་ནུས་ཕུན་སུམ་ཚོགས་པོ་ཡོད། པར་ལེན་རྒྱུ་དགའ་བའི་མི་ཞིག་ལ་མཚོན་ན་མཉེན་ཆས་འདི་ནི་བཀོལ་སྤྱོད་བྱེད་བདེ་ཞིང་།  ངེས་པར་མཁོ་གལ་ཆེ་བའི་མཉེན་ཆས་ཤིག་ཀྱང་རེད།   ཀུ་ཤུའི་མ་ལག་དང་ཨན་ཌོ་གང་ཡིན་རུང་བེད་སྤྱོད་བྱས་ཆོག་པས་ཀུན་གྱིས་སྤྱོད་ཚད་མང་བར་བཤད།   མཉེན་ཆས་འདི་ལ་བཟོ་ལྟ་བསྒྱུར་ཚུལ་སྣ་བཅུ་གཉིས་དང་། ལག་ཆའི་ཕྱོགས་ནས་སྣ་ཉེར་བརྒྱད་ལྡན་ཡོད་པས་པར་རིས་ནང་གི་མི་སྣ་དང་ཡུལ་ལྗོངས་སོགས་ཀྱི་རྣམ་པ་གང་ཡིན་རུང་རང་འགུལ་ངང་པར་གཤིས་ཡག་བསྒྱུར་དང་མཛེས་བཟོ་སོགས་བྱེད་པའི་ནུས་པ་ལྡན།  པར་རིས་རྣམ་པJPG དང RAWགཉིས་ཀའི་ཁ་ཕྱེས་ཆོག་ཅིང་། པར་རིས་མཛེས་བཟོ་བྱས་རྗེས་སྤུས་ལེགས་པའི་པར་གཤིས་སུ་ཉར་ཚགས་བྱས་ཆོག་ན་འདི་བེད་སྤྱོད་བྱས་པས་ཀྱང་ཁྱོད་ཀྱི་པར་རིས་སྒྱུ་རྩལ་ལ་རོགས་རམ་རེ་གནང་ཐུབ་པའི་ཡིད་ཆེས་ཡོད།