རྨ་ཆུའི་འགྲམ་རྒྱུད་ཀྱི་མི་རིགས་མདའ་འཕེན་འགྲན་བསྡུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-14   རྩོམ་ཁུངས།    ཞིན་ཧ་དྲ་བ།

3.jpg

4.jpg


6.jpg


7.jpg

པར་འདི་དག་ནི་མདའ་བ་ཚོས་མདའ་འཕེན་པའི་རྣམ་པ་རེད།

    དཔྱིད་ཀ་སླེབས་ལ་ཉེ་བའི་སྐབས་འདིར། རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གཙང་འགྲམ་སྤྱི་གླིང་དུ། 2022ལོའི་ཁྲི་ཀ་རྫོང་གི་དཔྱིད་གསར་དུས་ཆེན་གྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་དུས་ལྟར་མགོ་བརྩམས་ཤིང་། ཁྲི་ཀ་རྫོང་གི་ཡུལ་སོ་སོ་ནས་སླེབས་པའི་མདའ་བ་རུ་ཁག17གྱི་འཐུས་མི་ཚོས་གཞུ་འཐེན་ནས་མདའ་འཕེན་པའི་རྣམ་པ་ནི་དངོས་གནས་དཔའ་ཉམས་ལྡན་པ་ཞིག་རེད།

    མདའ་འཕེན་པའི་རྣམ་པས་དཔྱིད་གསར་དུས་ཆེན་རོལ་བ་ནི་ཁྲི་ཀ་རྫོང་གི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཡིན་ལ། མདའ་འཕེན་བྱ་འགུལ་སྤེལ་བ་དེས་ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། སྲོལ་རྒྱུན་གྱི་མདའ་འཕེན་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ་རེད།  །