གཏེར་མ་རོང་ཤང་གིས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་གསར་དུས་ཆེན་རིང་།གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་ལ་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར་ས་གནས་དེ་གས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཚོལ་ཞིབ་དང་འཕེལ་རྒྱས་ཧུར་ཐག་བཏང་ནས་དེ་སྔའི་ཐོན་ལས་ཀྱི་གྲུབ་ཆ་རྐྱང་པར་འགྱུར་ལྡོག་བཏང་བ་དང་གཏེར་མ་རོང་ཤང་གི་ས་ཁམས་གནམ་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ+ཀུང་སི+རྟེན་གཞི+ཞིང་དུད་ཞེས་པའི་དཔེ་དབྱིབས་བརྒྱུད་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོད་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་མངོན་འགྱུར་བྱུང་ཡོད།

    གཏེར་མ་རོང་ཤང་སྲིད་གཞུང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན་2016ལོར་གཏེར་མ་རོང་ཤང་གིས་ཀུ་ཀུ་ཤྭ་མོ་ཚོད་འདེབས་བྱས་པར་ཐོག་མའི་གྲུབ་འབྲས་ཐོབ་ཡོད།ཚོད་འདེབས་ལེགས་གྲུབ་བྱུང་རྗེས་རིམ་བཞིན་ཤང་ཡོངས་ཀྱི་ཁྱབ་ཁོངས་ཆེན་པོར་འདེབས་འཛུགས་ཁྱབ་གདལ་བཏང་བ་རེད།2021ལོར་སླེབས་སྐབས་ཀུ་ཀུ་ཤྭ་མོ་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5ལ་ཁྱབ་གདལ་བཏང་བ་དང་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་1002.8ལོན་པ་དང་མུའུ་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་6000བྱུང་ཡོད།

    བདེ་ཆེན་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པའི་སྣེ་ཁྲིད་འོག་ཡུའེ་ཅིན་གྲོང་ཚོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་དོན་གྲུབ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ཏེ།ཁེ་ལས་ཀྱིས་གནའ་ཤིང་བོད་ལི་གཅིག་གྱུར་ཉོ་སྒྲུབ་དང་།ལས་སྣོན།ཕྱིར་འཚོང་བཅས་བྱས་པ།2018ལོར།ཁེ་ལས་ཀྱིས་ཡུའེ་ཅིན་གྲོང་ཚོར་གནའ་ཤིང་བོད་ལི་ཏུན་22ཉོ་སྒྲུབ་བྱས་པར་མང་ཚོགས་དུད་ཚང་60ལ་ཕན་པ་ཐོབ་པ་དང་གྲོང་མིར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད།2021ལོར་སླེབས་སྐབས་ཁེ་ལས་ཀྱིས་ས་གནས་དེ་གར་ལོ་རེར་བོད་ལི་ཏུན་161ཉོ་སྒྲུབ་བྱས་པར་ཕན་པ་ཐོབ་པའི་མང་ཚོགས་དུད་ཚང་280ཟིན་པ།གྲོང་མིར་ཡོང་འབབ་སྒོར་ཁྲི་31བྱུང་ཡོད།