ལོ་གསར་ནང་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་10.13་སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

2022ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བདེ་ཆེན་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་10.13ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་6495.73མངོན་འགྱུར་བྱུང་ཡོད།གངས་ཤུད་དང་གངས་རྩེད་བྱ་རྒྱུ་དེ་ཀུན་གྱིས་དོ་སྣང་བྱེད་པའི་རྣམ་གྲངས་ཤིག་ཏུ་གྱུར་པ་དང་རང་གིས་རླངས་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དང་ཕ་ཡུལ་དུ་ལོག་ནས་གཉེན་ཉེ་ཐུག་འཕྲད་བྱེད་པ་དང་གཉེན་ཉེ་ཡུལ་སྐོར་གཙོ་ཤུགས་སུ་གྱུར་བ་རེད།  བདེ་ཆེན་ཁུལ་དཔེ་མཛོད་ཁང་དང་རྒྱལ་ཁབ་དཔེ་མཛོད་ཁང་དང་རྒྱལ་ཡོངས་ཀྱི་རིམ་ཁག་སྤྱི་པའི་དཔེ་དེབ་ཁང་གིས་སྐད་འཕྲིན་གྱི་གོ་རིམ་ཆུང་ངུའི་ཞབས་ཞུའི་སྟེགས་བུར་བརྟེན་ནས་ཐུན་མོང་ཐོག་"དྲ་རྒྱའི་དཔེ་དེབ་ཀྱི་དྲི་ཞིམ་•དཔེ་ཀློག་ནས་མཛེས་སྡུག་ལ་འཕྲད་པ"་གྲངས་འཛིན་དཔེ་ཀློག་ཁྱབ་གདལ་གྱི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་རེད།

           ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བདེ་ཆེན་གྱི་ས་གནས་ཁག་ཏུ་གངས་ཆེན་བསྟུད་མར་བབས་པ་དང་ཆ་ཤས་སུ་གངས་ཆེན་པོ་བབས་ནས་གངས་ཤུད་དང་གངས་རྩེད་བྱ་རྒྱུ་དེ་ཀུན་གྱིས་དོ་སྣང་བྱེད་པའི་རྣམ་གྲངས་ཤིག་ཏུ་གྱུར་པ་དང་གྲོང་མི་ཡུལ་སྐོར་བ་མང་པོ་ཞིག་གྲོང་ཁྱེར་ཉེ་འདབས་ཀྱི་གངས་ཁྲོད་དུ་རྩེད་མོ་རྩེ་བ་དང་གངས་འཁྱགས་ལས་འགུལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ནས་དཔྱིད་གསར་དུས་ཆེན་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་པ་ཕན་ཚུན་འདྲེས་ཐུབ་པ་བྱས་ཡོད།