ན་ནིང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར800ལྷག་ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2021ལོར། བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་800ལྷག་ཙམ་ཟིན་པ་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་ལོ་གོང་མ་ལས་30%འཕར་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པ་བྱུང་ཡོད།

        2021ལོར་ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་ཏེ། ཚོང་དོན་གྱི“བྱ་སྤྱོད་ཆེན་པོ་བཞི”དང“འདུ་འགོད་ཆེན་པོ་བཅུ”ལག་ལེན་ཧུར་ཐག་བསྟར་བས། འཛད་སྤྲོད་མཉམ་ལས་ཁང་གི“ཕྱོགས་བཞི་གཞི་གཅིག”གི་སྒྱུར་བཅོས་ཀྱི་ལོ་འཁོར་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་། ཧྥུའུ་ཉུང་བའི་ཇ་ཏུན་9180ཐོན་སྐྱེད་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཞིང་འབྲོག་མང་ཚོགས་ཁྲི་306ལ་སྤྲད་པ་དང་། ཤང་དང་གྲོང་རྡལ་དུ་སྣུམ་སྣོན་ས་ཚིགས་50བསྐྲུན་པ་སོགས་ཚོང་དོན་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། །