འཕུར་ལམ་ཐེངས་གཅིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་འོད་མག་མོག་གི་མཚན་མོ་དེར

བྱ་རྒོད་ཅིག་གིས་དབུགས་རིང་ཐེངས་འགའ་བླངས་རྗེས

མིག་ཟུང་རིག་རིག་བྱས་ཤིང

འདར་སིག་སིག་ངང་ང་འདི་ལྟར་འཕྲུལ་གྱིས་མཁའ་ལ་བཀྱགས་སོང

འོན་ཀྱང་། ངས་མཐོང་ཐུབ་པ་ནི་གཤོག་ཡ་གཅིག་གི་སྣེ་མོས

རླུང་གི་སྤུ་གྲི་བརྟུལ་བའི་སྤོབས་པ་དེ་རེད

སྙིང་སྟོབས་དེ་རེད


སྐར་ཕྲན་ཁྲི་ཕྲག་གི་མཁའ་དབྱིངས་འདི་ན

ང་དང་ཕྲེང་བ་བྲེལ་གྱིས་འདྲེན་བཞིན་པའི་བགྲེས་པོ་ཞིག་གིས

མུན་པ་སྟུག་པའི་མཐོང་ལམ་ཡངས་པོ་འདིར་བལྟས་ཤིང

སྐར་ཕྲན་ཟམ་ཟུམ་དང    སྤྲིན་པ་ལང་ལོང་མཐོང

འོན་ཀྱང་། མིག་ལ་ཟིན་པའི་གངས་དཀར་རི་པོ་དེ་མཐོང་སྣང་མི་འདུག

སྣ་ལ་འཇགས་པའི་གཙང་བོ་དེའི་བཞུར་སྦྲ་དེ་ཐོས་སྣང་མི་འདུག

འདི་ལྟར། བགྲེས་པོ་དེ་དང་ངེད་གཉིས་ཀྱིས་མི་མཐུད་དུ་སྐར་ཚོགས་གི་ཀློང་འདིར་བལྟས་ཤིང་ཧད་ནས་བསྡད

སྐབས་འདི་རང་ཉིད་ནི་ཇི་འདྲའི་ཆུང་ལ  ཇི་འདྲའི་ཉག་ཕྲ་བ་ལ

གང་ལྟར། རྡིར་སྒྲ་འདིའི་ཁྲོད་ནས་རྒྱང་ནས་རྒྱང་ལ་འཕུར


འདར་སིག་སིག་གི་འཕུར་ལམ་ཐུང་ཐུང

སྐྲག་ཤུར་ཤུར་གྱི་འཕུར་ལམ་རིང་མོ

ད་དུང གཉིད་ལ་ཤོར་བའི་མི་དེ་དག

ང་འདིར་ལྟར་ཁེར་རྐྱང་དུ་ལུས  འདི་ལྟར་ལྷིང་འཇགས་སུ་ལུས

ད་དུང་ཁ་འདོན་མོག་མོག་སྐྱོར་བཞིན་པའི་བགྲེས་པོ་དེ