2021ལོར་ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད99.03%ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2021ལོར་ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད99.03%ཟིན་པ་དང་། ཞིང་འབྲོག་པ་ཁྲི69.33ལས་ཞུགས་གཞན་སྒྱུར་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར58.1བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

        ན་ནིང་། རིམས་ནད་ཀྱི་རྡབ་རྡེག་ལ་ཁ་གཏད་གཅོག་ཆེད་རང་ལྗོངས་ཀྱིས་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར་1.7ཉུང་དུ་བཏང་ནས་ལས་ཤོར་འགན་བཅོལ་གྲོན་དངུལ་དང་། ལས་ཤོར་ཁ་གསབ་རོགས་དངུལ། རྩལ་ནུས་མཐོར་གཏོང་གི་ཁ་གསབ་བཅས་སྒོར་ཁྲི་2264སྤྲད་པ་དང་། ཁེ་ལས་231ལ་ལས་གནས་བརྟན་གཏོང་མ་དངུལ་སྒོར་ཁྲི་1432སྤྲད་དེ་ལས་ཞུགས་ལས་གནས་ཁྲི་4ཙམ་བརྟན་པོ་ཡོང་བར་བྱས་ཡོད།

        གཞན་ཡང་། ལྗོངས་ཡོངས་ཀྱི་མི་ཐེངས་ཁྲི་306.4སྤྱི་ཚོགས་འགན་བཅོལ་ནང་ཞུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་ལོ་8བསྟུད་མར་ཚད་གཞི་མཐོ་རུ་བཏང་བ་དང་། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་ལོ་17བསྟུད་མར་ཚད་གཞི་མཐོ་རུ་བཏང་བ། ལས་ཀར་ཞུགས་སྔ་ཙམ་གྱི་རྒན་ཡོལ་ཞུས་པའི་བཟོ་པར་དམིགས་བསལ་གྱི་འཚོ་བའི་ཁ་གསབ་ཁྱོན་སྒོར་ཁྲི་522སྤྲད་པ་དེས་རྒན་ཡོལ་ཞུས་པའི་བཟོ་པ་2100ལྷག་ཙམ་ལ་ཕན་པ་ཐོབ་པ། ཞིང་པ་ལས་མི་ཁྲི་56ལ་གླ་ཕོགས་དངུལ་ཁང་གིས་ཚབ་སྤྲོད་བྱས་པ་དང་གླ་ཕོགས་ཚབ་སྤྲོད་བྱེད་ཚད་སྒོར་དུང་ཕྱུར་108ཟིན་ནས་ཞིང་པ་ལས་མིས་དཀའ་ལས་བརྒྱབ་པའི་དངུལ་ལ་བློས་འཁེལ་བའི་འགན་ལེན་ཐུབ་པ། །